
ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ལྟེ་བའི་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་སློབ་མ་ལྟ་རུ་བཅུག་པས་སློབ་མས་བོད་རྙིང་པའི་མུན་ནག་དང་། གདུག་རྩུབ། བཤུ་གཞོག་བཅས་ཀྱི་སྤྱི་ཚོགས་ལམ་ལུགས་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་དེང་གི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་ལུགས་ཤེས་སུ་བཅུག་ཅིང་། འདི་ནི་སློབ་གྲྭ་དེའི་སློབ་མས་པར་རིས་འགྲེམས་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།