[ English ] [ 中文 ]
0891-6325020
  • ནག་ཆུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྐུལ་སློང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-10

    ཚེས་8ཉིན་གྱི་སྔ་དྲོ། ནག་ཆུ་ས་ཁུལ་གྱིས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཕྱོགས་ཡོངས་ནས་སྟངས་འཛིན་གནང་ལུགས་དང་། བོད་ཀྱི་དམིགས་བསལ་ལྗོངས་བབ་ལ་ཞིབ་འཇུག་གཏིང་ཟབ་གནང་ལུགས། མང་ཚོགས་ཀྱི་བསམ་བློའི་སློབ་གསོར་གསར་གཏོད་ལྡན་པའི་ངང་བཀོད་སྒྲིག་གནང་ལུགས་བཅས་གང་ལེགས་མངོན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་འགན་ལེན་དང་མཐའ་སྐྱོང་བོད་བརྟན་དང་དམངས་ཕྱུག་བོད་དར་གྱི་རླབས་ཆེན་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད་པ་རེད།

    ཚོགས་འདུའི་ཐོག“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ནག་ཆུ་ས་ཁུལ་དང་དེ་བཞིན་ལྗོངས་ཡོངས་ཀྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་ལས་དོན་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ལྡན་ཡོད། དེ་ནི་སྲོག་ཤིང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། ཕུལ་བྱུང་གི་གྲུབ་འབྲས་བརྟེན་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་དོན་དངོས་ཀྱི་དགོས་མཁོ་བཅས་རེད། ས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་ད་ཐེངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཐད་ཀར་ཞུགས་མཁན་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གལ་ཆེའི་རང་བཞིན་དང་། དགོས་ངེས་ཀྱི་རང་བཞིན། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློ་སྔར་བས་གཅིག་གྱུར་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འཁུར་སེམས་དང་། ལས་ཀའི་སྤྲོ་སེམས་ཆེན་པོ། བསམ་བློའི་འཁྱེར་སོ་ཡག་པོ་བཅས་ཀྱིས་བློ་གཅིག་སེམས་གཅིག་ངང་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་ནས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་སྤེལ་ཤུགས་དང་ཕན་འབྲས་ལྡན་པའི་འགན་ལེན་བྱས་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ས་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ནག་ཆུའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་གཙོ་རྐང་དེར་སྟངས་འཛིན་ནན་པོ་བྱེད་པ། “ངལ་རྩོལ་ལ་དགའ་ཞེན་དང་། གོམས་གཤིས་ངན་པ་སྒྱུར་བ། སྲོལ་གསར་གཏོད་པ”བཅས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་གསར་གཏོད་ཀྱི་བྱ་སྤྱོད་དུ་བརྩི་བ། ཞིང་འབྲོག་མང་ཚོགས་དང་། ན་གཞོན་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་བྱེད་སྒོ་སྤེལ་ཡུལ་གཙོ་བོར་བྱེད་པ། བྱེད་སྟངས་གསར་གཏོད་དང་མཐུན་འཚམ་འཚོལ་མཁས་པོ་བྱེད་པ། སྒྲིག་འཛུགས་ཞིབ་ཚགས་དང་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཡག་པོ་དང་། ལག་ལེན་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་དམ་འཛིན་ཡག་པོ་བཅས་བྱེད་པ་དང་། རྫོང་ཁག་དང་ཤང་གྲོང་ཁག་གིས་ས་ཁུལ་གྱི་ལག་བསྟར་ཇུས་གཞིར་གཞིགས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིམ་པ་བཞིན་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་བདེ་བླག་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་པ། རྫོང་དང་ཤང་གྲོང་ཁག་གིས་བྱེད་སྒོ་སྤེལ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང“འགོ་ཁྲིད་ཨང་དང་པོའི”འདུ་འགོད་ཅིག་ཏུ་བརྩིས་ནས་འགན་འཁྲིའི་བྱེད་པོ་དང་ལག་ལེན་གྱི་བྱེད་པོའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ས་ཨུད་ཀྱི་ལས་ཀའི་བླང་བྱ་དོན་དུ་འཁྱོལ་ཐུབ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་བདེ་བླག་ངང་སྤེལ་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 索朗多拉