[ English ] [ 中文 ]
0891-6325020
  • “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་གླུ་སྒྲ་གངས་ལྗོངས་ས་མཐོར་གྲགས།

    ——བོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་ཚིགས་དང་པོའི་སྒྲིལ་གླེང་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-02

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁྱིམ་བཞི་ཤང་ཁྱིམ་བཞི་གྲོང་ཚོའི་མང་ཚོགས་དང་། སློབ་མ། གྲྭ་བཙུན་བཅས་བརྒྱ་ལྷག་ཙམ་ལྷན་དུ་འཛོམས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་འདུ་དེ་གར་གཟབ་རྒྱས་ངང་འཚོགས་པ་རེད།

    “ད་ཆ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་ལོ་15བར་རིང་དུ་བཏང་བས་སློབ་གྲྭར་སློབ་མའི་བཟའ་སྡོད་སློབ་གསུམ་ཚང་མ་འགན་ལེན་བྱེད་ཀྱི་ཡོད་པས། དེ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན། སློབ་གྲྭ་འགྲིམ་པར་རང་ཉིད་ཀྱིས་དངུལ་གཏོང་མི་དགོས་པར་ད་དུང་སློབ་མར་ཁ་གསབ་ལེན་རྒྱུ་ཡོད། ང་ཚོས་ངེས་པར་དུ་ཕྲུ་གུ་སློབ་གྲྭར་བསྐྱལ་ནས་ཤེས་བྱ་རིག་པའི་གནས་ལ་སྦྱངས་བརྩོན་བྱེད་དུ་བཅུག་སྟེ་ལྟ་རྒྱ་ཐོས་རྒྱ་ཆེ་རུ་དང་གནས་ལུགས་ཤེས་སུ་འཇུག་རྒྱུ་ཡིན”ཞེས་དང་།

    “སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་བཙའ་སྐབས་སྨན་རིན་དང་བདལ་གླ་ཚང་མ་ཁ་གསབ་ཡོད་པས་མ་བུ་གཉིས་ཀའི་བདེ་འཇགས་དང་བདེ་ཐང་ཆེད་ཁྱིམ་དུ་སྦྲུམ་མ་ཡོད་མཁན་ཚོས་ངེས་པར་དུ་སྨན་ཁང་དུ་སྐྱོད་དགོས”ཞེས་པ།

    “ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་བཅས་ནི་གསར་བརྗེའི་བྱ་གཞག་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་མཁན་ཡིན་པས་ཁོང་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བ་བྱེད་དགོས། ལྗོངས་ཡོངས་ཀྱིས་2006ལོའི་ཟླ་10པ་ནས་བཟུང‘རྒན་གྲས་གསུམ’གྱི་མི་སྣར་འཚོ་བའི་ཁ་གསབ་སྤྲད་ཡོད”ཅེས་པ་ལ་སོགས་རེད།

    སྒྲོག་འགྲེལ་ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཨུད་ཏང་གི་སློབ་གྲྭའི་སྒྲོག་འགྲེལ་པ་འཕྲིན་ལས་སྒྲོལ་མས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོར་དམིགས་ཏེ་སྒྲོག་འགྲེལ་བྱས་པ་རེད། དཔེ་མཚོན་རེ་རེ་ལས་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ར་སྤྲོད་ཐུབ་པ་དང་དམངས་ཕན་སྲིད་ཇུས་རེ་རེ་ལས་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་མཚོན་ཐུབ།

    དེ་འདྲ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ལྗོངས་ཡོངས་ཀྱི་ས་ཆ་ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    འདི་ལོ་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དྲང་ནུས་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་པ་བྱས་ཡོད།

    ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གི་མཛུབ་ཁྲིད་ནུས་ལྡན་འོག་ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”ཉིད་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་ཚིགས་དང་པོའི་ལས་འགན་གཙོ་བོར་བརྩིས་ཏེ་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་སྲོག་ཤིང་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་རྒྱ་ཁྱབ་ངང་གཅིག་སྒྲིལ་ཡོང་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཡོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་ཁག་གསོན་ཉམས་དོད་ལ་འགོ་ཡག་པོ་ཞིག་བཙུགས་ཡོད།

    སྤྱི་འདོམས་འཆར་འགོད་ཀྱིས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ།

    སྤྱི་ཚོགས་གླེང་ཕྱོགས་ཀྱི་མཉམ་སྒྲོག་གཅིག་ཏུ་བསྒྲིལ་བ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་ཆེད། ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས《“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྤྱིའི་ཇུས་གཞི》པར་འགྲེམས་བྱས་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱིའི་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་བྱེད་སྒོ་སྤེལ་རྒྱུ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་དང་། འགོ་ཁྲིད་ཨང་དང་པོས་འགན་གཙོ་བོ་འཁུར་རྒྱུ་མཐའ་འཁྱོངས། ལས་ཀའི་ཆེད་དོན་འཛིན་གྲྭ་གཉེར་བ། ས་གནས་ཁག་གི་དོན་དངོས་གཞིར་བཟུང་ཁྱོན་ཡོངས་ནས་སྐུལ་སློང་བཀོད་སྒྲིག་བྱེད་པ། ངོས་འཛིན་གནད་ལ་འཁེལ་བ་དང་། མི་སྣ་དམིགས་སར་འབྱོར་བ། སྒྲིག་འཛུགས་ལག་ལེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་གྲོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོའི་འགན་འཁྲི་ཁུར་བའི་གྲོང་ཁྱེར་སྒྲོག་འགྲེལ་ཚོགས་པ་བཙུགས་ཡོད། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་འཐུས་སྒོ་ཚང་དུ་བཏང་ནས་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ལག་བསྟར་ཇུས་གཞིར་ཡང་ནས་ཡང་དུ་ཞིབ་འཇུག བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་ཏེ་ལག་བསྟར་ཇུས་གཞིར་བཀྲག་མདངས་འཚེར་ས་དང་ཁྱད་ཆོས་ཡོད་པ་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པའི་འགན་ལེན་བྱས་ཡོད། གྲོང་ཁྱེར་དེའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཁྱིམ་བཞི་ཤང་དུ་སྤེལ་འགོ་འཛུགས་རྒྱུ་གོ་སྐབས་སུ་བྱས་པ་དང་འབྲེལ“གར་སྟེགས་ཐོག་གི་གྲགས་ཅན་ཟློས་གར་ཞིག་གཏོད་པ་དང་། ཐེར་འདོན་དགག་རྒྱག་གི་སློབ་གསོ་ཐེངས་གཅིག་སྤེལ་བ། དཔེ་མཚོན་མིག་དཔེ་ཁག་གཅིག་དྲིལ་བསྒྲགས། ཤེས་དཔལ་སློབ་ཁྲིད་ཐེངས་གཅིག་གཉེར་བ”བཅས་ཀྱི་བཀྲག་མདངས་འཚེར་བའི་འདུ་འགོད་བཞི་དུས་མཉམ་དུ་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་། ཆོས་ལུགས་ཁྱབ་ཁོངས། སློབ་གསོའི་ཁོངས་གཏོགས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་ཀའི་གྲ་སྒྲིག་དང་འགྲོ་གྲོན་འགན་ལེན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞོན་ནུ་ལོ་ཆུང་སློབ་མ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་སོགས་ཚོགས་སྤྱིའི་ལས་ཀ་སྤེལ་བའི་ཇུས་གཞི་དང་དེ་བཞིན་ཞིབ་ཕྲའི་ལས་ཀའི་ལག་བསྟར་ཇུས་གཞི་སོ་སོར་གཏན་འབེབས་བྱས་ནས་པར་འགྲེམས་བྱས་ཏེ་ལས་ཀའི་བྱེད་ཐབས་ཞིབ་ཚགས་དང་། ལས་འགན་ཁག་བགོས་གསལ་པོ་ཡོང་བ་བྱས་པ་མ་ཟད། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་གཙོ་གནད་མངོན་གསལ་དོད་དུ་བཏང་བ། བྱེད་ཐབས་སྣ་མང་ཐོག་ནས་སྐུལ་འདེད་བཏང་བ། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་བཅས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཚ་རླབས་ཤིག་འཕྱུར་བ་དང་མི་རིགས་ཁག་གི་མང་ཚོགས་ཚོས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་དུས་རབས་ཀྱི་མཉམ་སྒྲོག་གཅིག་ཏུ་བསྒྲིལ་ཡོད།

    གཞི་རྟེན་གསར་གཏོད་ཀྱིས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་པ།

    “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་ལྟ་བ་མི་སེམས་ལ་ཟུག་པ་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་བྱེད་སྒོ་ཁག་19ཡུལ་དེའི་ལག་བསྟར་བྱེད་པའི་ཇུས་འགོད་ནང་འཇུག་རྒྱུ་དམ་འཛིན་ཡག་པོ་དང་སྦྲགས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་གཞི་རྟེན་དང་དམ་འཛིན་བྱེད་གཞི་ཕུན་སུམ་ཚོགས་སུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དོན་མི་འགྱུར་བ་དང་རྣམ་པ་མི་འགྱུར་བའི་འགན་ལེན་བྱས་ནས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”བྱེད་པའི་འདུ་ཤེས་དངོས་འབྲེལ་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ལག་ལེན་བྱེད་སྒོ་ཁག་19ཞིབ་ཕྲ་བཟོས་པའི་རྨང་གཞིའི་ཐོག་ཏང་གི་ལོ་རྒྱུས་བསྐྱར་དྲན་དང་། ཚན་རིག་ཤེས་བྱ་དགོན་སྡེར་ཁྱབ་གདལ། ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོ། “ཁྱིམ་ཚང་ཡག་ཤོས”ཀྱི་དཔྱད་འདེམས་སོགས་ལག་ལེན་བྱེད་སྒོ་ཁག་བཞི་གསར་དུ་བསྣན་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོར་སྤེལ་བའི“བདེ་སྐྱིད་སྐབས་སུ་གུང་ཁྲན་ཏང་མི་བརྗེད་པར་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ནང་སྔོན་ཐོན་དཔེ་མཚོན་དང་ཟུང་འབྲེལ་དམ་ཚགས་ཀྱིས་མྱོང་ཚོར་གླེང་སྟེ་རྒྱ་ཆེའི་མང་ཚོགས་ཚོའི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”བསམ་བློ་དང་འབྱོར་འབྲིང་ཉིང་ཁྲི་གཏོད་པའི་ནང་རང་འགུལ་ངང་ཧུར་ཐག་ཞུགས་པའི་བྱ་སྤྱོད་ཀྱི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད།

    སྒྲོག་འགྲེལ་དང་ལྟ་སྐུལ་མཛུབ་ཁྲིད་མཉམ་སྤེལ་བྱས་པ།

    ལས་དོན་ཁག་སྤུས་འབོར་གཉིས་ལྡན་ཡོང་རྒྱུའི་འགན་ལེན་བྱས་པ།

    རིམ་པ་དེ་གའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ཡིན་པའི་ལྗོངས་ཡོངས་ཀྱི་རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བྱེད་སྒོའི་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད། དེ་དང་ཆབས་ཅིག་རིམ་ཁག་སྒྲོག་འགྲེལ་ཚོགས་པ(རུ་ཁག)དང་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་བཅས་ཀྱིས་རང་སྐྱོང་ལྗོངས་ཀྱིས་པར་འགྲེམས་བྱས་པའི་སྤྱིའི་ཇུས་འགོད་གཞིར་བཟུང་སྒྲོག་འགྲེལ་ལས་དོན་གཏིང་ཟབ་དང་རྒྱ་ཆེའི་ངང་སྤེལ་ཏེ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”འདུ་ཤེས་གསལ་པོ་ཟབ་ཏུ་འགྲོ་ཐབས་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་གྲོང་ཁྱེར་དང་ས་ཁུལ་བདུན་དུ་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང་རྐང་འཛིན་པ་གསོ་སྐྱོང་དང་། དཔེ་སྟོན་སྒྲོག་འགྲེལ། ས་གནས་ས་ཐོག་ཏུ་མཛུབ་ཁྲིད་སོགས་བྱེད་སྟངས་བརྒྱུད་གཞི་རིམ་སྒྲོག་འགྲེལ་ལས་དོན་ལ་གནད་ཀྱིས་ཁྱོན་གྱི་སྣེ་ཁྲིད་པ་དང་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    ནག་ཆུ་ས་ཁུལ་གྱིས་གཞི་རིམ་ལ་རྒྱུས་མངའ་ཆེ་བ་དང་། སྒྲོག་འགྲེལ་ཉམས་མྱོང་ཕུན་སུམ་ཚོགས་པ། སློབ་ཁྲིད་ཕན་འབྲས་ཅུང་ལེགས་པ་བཅས་ཀྱི་ས་ཁུལ་རིམ་པའི་ལས་བྱེད་པ་དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱིས་སྒྲོག་འགྲེལ་ཚོགས་པ་གསུམ་བཙུགས་ནས“དྲི་བ་དྲིས་ལན”དང་ལག་རྟགས་ཆུང་ཆུང་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ཏེ་སྒྲོག་འགྲེལ་ལས་དོན་སྤེལ་ཞིང་། མིག་སྔའི་བར་ནག་ཆུ་ས་ཁུལ་སྒྲོག་འགྲེལ་ཚོགས་པས་གཞི་རིམ་དུ་སྒྲོག་འགྲེལ་ཐེངས་44བྱས་པར་མང་ཚོགས་དང་། གཞོན་ནུ་ལོ་ཆུང་གི་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་མི་ཆིག་ཁྲི་ཙམ་ལ་སློབ་གསོ་ཐེབས་ཡོད།

    གཞན་ཡང་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཁོངས་གཏོགས་གནས་སའི་རྫོང(ཆུས)དང་ཤང་དང་གྲོང་རྡལ་གྱི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ཧུར་ཐག་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལས་ཀའི་ལས་རྗེས་དཔྱད་ཞིབ་ཀྱི་གཙོ་གནད་ནང་དོན་དུ་བརྩིས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཁར་བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱེད་ཐབས་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྱབ་པ་དང་། གསལ་ཐོ་བཟོ་བ། རྗེས་སྙེག་ཚད་ལེན་ཚོད་ལྟ་བྱེད་ཐབས་སོགས་ཀྱི་ལྟ་ཞིབ་མཛུབ་ཁྲིད་བྱེད་སྟངས་བརྒྱུད་ཕྱོགས་བསྡུས་རང་བཞིན་གྱི་ལྟ་ཞིབ་མཛུབ་ཁྲིད་ཐེངས་4བྱས་པར་གནད་དོན་21ཤེས་རྟོགས་བྱུང་བ་དང་། རང་སར་གནད་དོན་13དག་ཐེར་བྱས་པ། རྗེས་སུ་གནད་དོན་8དག་ཐེར་བྱས་པ། གཤམ་དུ་བརྡ་ཐོ་1བཏང་བས་དག་ཐེར་བྱེད་ཚད་100%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།