
འགྲུལ་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་མེ་འཁོར་འབབ་ཚུགས་སུ་སྐྱོད་བཞིན་པ།
ཨ་མདོའི་མེ་འཁོར་འབབ་ཚུགས་ནི་ནག་ཆུ་ས་ཁུལ་ཨ་མདོ་རྗོང་གི་ལྷོ་ངོས་སུ་གནས་ཤིང་། དེ་ནི་མཚོ་བོད་ལྕགས་ལམ་བོད་ལྗོངས་ཁོངས་སུ་འཛུལ་རྗེས་ཀྱི་འབབ་ཚུགས་འགྲུལ་ཟོག་གཉིས་སྐྱེལ་གྱི་འབབ་ཚུགས་ཆེ་ཤོས་དེ་ཡིན། འབབ་ཚུགས་དེ་གར་འགྲུལ་པ་མང་པོ་ཁེངས་ནས་ཡོད་པ་དེ་དག་ལྷ་སར་ཚོང་ཟོག་ཉོ་བར་འགྲོ་མཁན་དང་ནག་ཆུར་གཉེན་ཉེ་འཕྲད་པར་འགྲོ་མཁན། དེ་བཞིན་ལས་ཀ་སྒྲུབ་ཟིན་ནས་ཕ་ཡུལ་དུ་ལོག་མཁན་སོགས་རེད།

དོན་གྲུབ་ཚེ་རིང་གིས་ལྷ་ས་ནས་ཚོང་ཟོག་འཐེན་ཏེ་ཕྱིར་ལོག་བྱུང་བ།
ཨ་མདོའི་མེ་འཁོར་འབབ་ཚུགས་ཀྱི་འགོ་འཛིན་པ་ཉིའུ་ཧུང་པིང་གིས་ངོ་སྤྲོད་བྱས་པར་གཞིག་ན། ཉིན་ལྟར་ཨ་མདོའི་འབབ་ཚུགས་ནས་མེ་འཁོར་ཐེངས ༢༥ འགྲོ་སྐྱོད་བྱེད་པ་དང་། དེའི་ནང་ནས་མེ་འཁོར་ཐེངས་བཞི་ཨ་མདོའི་འབབ་ཚུགས་སུ་སྡོད་ཀྱི་ཡོད་པ་རེད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་བཅུ་སོང་རིང་། ཨ་མདོའི་འབབ་ཚུགས་ཀྱིས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། བསྡོམ་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ ༢༠༡༥ ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི ༣.༥ ལྷག་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྲོན ༦༠༠ ཙམ་ལ་ཉེ་ཡོད། ལྕགས་ལམ་ཤར་གཏོང་མ་ཐུབ་གོང་ཨ་མདོ་རྫོང་གི་འབྲུ་རིགས་ཚང་མ་རླངས་འཁོར་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་ཀྱི་ཡོད་པས་འགྲོ་སོང་ཆེན་པོ་ཡོད། ད་ཆ་རྒྱལ་ནང་ནས་ཐད་ཀར་ལྕགས་ལམ་བརྒྱུད་སྐྱེལ་འདྲེན་བྱེད་ཆོག་པས་དུས་ཚོད་ལ་གྲོན་ཆུང་ཐུབ་པ་མ་ཟད་མ་གནས་ཀྱང་ཇེ་དམར་ཕྱིན་ཡོད་པ་རེད།།

མེ་འཁོར་གནས་སྐབས་ཁ་བཀག་རྗེས་མུ་མཐུད་མདུན་དུ་སྐྱོད་བཞིན་པ།