[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10འཁོར་བ།>ཕྱོགས་བསྡུས་གསར་འགྱུར།
  • མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་སྐྱོད་ལོ་9བྱས་པའི་རིང་འགྲུལ་པ་ཁྲི་9559.4དང་དངོས་ཟོག་ཏུན་དུང་ཕྱུར་4.11སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-29

    མི་དམངས་དྲ་བའི་འཕྲིན། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་སྟེང་མེ་འཁོར་དངོས་སུ་ཤར་སྐྱོད་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་དུ་བདེ་འཇགས་ངང་ཤར་སྐྱོད་ལོ་9བྱས་པ་རེད། འདི་ལོའི་ཟླ་7ཚེས་31ཉིན་གྱི་བར་དུ་མཚོ་བོད་ལྕགས་ལམ་གྱིས་བསྡོམས་རྩིས་བྱས་པ་ལྟར་ན་འགྲུལ་པ་མི་ཁྲི་9559.4དང་དངོས་ཟོག་ཏུན་དུང་ཕྱུར་4.11སྐྱེལ་འདྲེན་བྱས་པ་རེད། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་2006ལོའི་མི་ཁྲི་648.2དང་དངོས་ཟོག་ཏུན་ཁྲི་2491ནས་2014ལོའི་མི་ཁྲི་1274.8དང་དངོས་ཟོག་ཏུན་ཁྲི་5472.4བར་དུ་འཕར་བ་རེད། བོད་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུའུ་ཡུས་ཧྲོའུ་ཡིས་མཚོ་བོད་ལྕགས་ལམ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར"སྐུལ་འདེད་གཏོང་ཆས"སུ་གྱུར་ཡོད་ཅེས་བརྗོད་པ་རེད། བོད་ལྗོངས་ཀྱི་GDPནི་2006ལོའི་སྒོར་དུང་ཕྱུར་342ནས་2014ལོའི་སྒོར་དུང་ཕྱུར་925བར་ཆེས་ཆེར་འཕར་ཞིང་། ལོ་རེའི་འཕར་ཚད་10%ལས་བརྒལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།