[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>7.1ཞིས་ཅིན་ཕིང་གསུང་བཤད།
  • རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-26

    ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་གཞོན་པ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀའོ་དབྱང་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲེ་ཤུན། ངག་དབང་། ང་ཕོད་འཇིགས་ཡོན། ཚེ་དབང་སྟོབས་རྒྱལ་བཅས་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་ལས་བཟོ་ཚང་མས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲཌ་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། གུང་ཁྲན་ཏང་མིར་ཡོད་དགོས་ངེས་ཀྱི་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་བཏང་ནས། འགན་འཁྲི་འཁུར་ཕོད་པ་དང་། དམ་པ་དོན་གཉེར། འགག་སྒྲོལ་དཀའ་སེལ་བཅས་བྱས་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔ་དང་མ་འོངས་དུས་སྐབས་ཤིག་རིང་གི་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུཌ་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ཏན་ཏིག་བྱས་ཐོག བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བཅས་བདེ་སྐྱིད་ལྡན་པའི་སྤྱི་ཚོཌ་རིང་ལུཌ་ཀྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱེད་ཕྱིར་དེ་བས་ཆེ་བའི་ལེཌ་སྐྱེས་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།