[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>7.1ཞིས་ཅིན་ཕིང་གསུང་བཤད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-23

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་དང་རིགས་གཅིག་མཁས་པའི་ཆེད་དོན་འཆད་ཁྲིད་ཐེངས་15པ་དེ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ལི་ཧུང་གིས་འཆད་ཁྲིད་གཙོ་བོ་བྱས་པ་དང་། ཁྲེང་ཀོན་ཆུས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་ཡོན་ལས་བྱེད་པ་270ལྷག་ཙམ་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།

    ལི་ཧུང་གིས“ཏང་གི་ལོ་རྒྱུས་དང་དོན་དངོས་ཀྱི་གཅིག་མཚུངས་རང་བཞིན་མཚོན་པ”དང“སྔ་འཛིན་ཕྱི་གཏོད་དང་། ཚོད་བགམ་ཐེག་པ། ཕུལ་བྱུང་གི་རྒྱུགས་ཤོག་འབུལ་བ”སོགས་ཕྱོགས་4ཡི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཞིབ་ཅིང་ཕྲ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཚེ། ང་ཚོའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་དོན་དངོས་ཀྱི་དོན་སྙིང་ལྡན་ཡོད་ཅེས་བཤད།

    ཚང་མས་ངེས་པར་དུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གོ་སྐབས་ཁོང་དུ་ཆུད་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དགོངས་དོན་གྱི་ངོ་བོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལས་ཀའི་དོན་དངོས་ཟུང་འབྲེལ་གྱིས། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།