[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>3.28ལོ་57འཁོར་བར་རྟེན་འབྲེལ་ཞུ།>པར་རིས་གསར་འགྱུར།
  • བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བར་རྟེན་འབྲེལ་ཞུས་པ།

    ​ ལྷ་སར་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་བླངས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2016-03-30

    266234_yis_1459229165036_s.jpg

    འདི་ནི་བྱེད་སྒོར་ཞུགས་མཁན་བོད་རིགས་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་དུ་པར་ལེན་པའི་གནས་ཚུལ་ཡིན་པ།

    266235_yis_1459229165270_s.jpg

    འདི་ནི་ཟླ་3ཚེས་28ཉིན་པར་དུ་བླངས་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན་པ།

    ཚེས་28ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ་རེད། ཆུ་ཚོད་10པར་སྐད་གསང་མཐོན་པོའི་དམག་མིའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་གོམ་སྟབས་འགྲིག་པོའི་ཐོག་ནས་རྒྱལ་དར་ཐང་ཆེན་དུ་ཁྱེར་ཡོང་བས་རྒྱ་ཆེ་བའི་ཐང་ཆེན་དེ་མ་ཉིད་དུ་ཁ་ཁུ་སིམ་མེར་གྱུར། རྔམ་བརྗིད་ལྡན་པའི་རྒྱལ་གླུ་དཀྲོལ་བ་དང་བསྟུན་ནས་རྒྱལ་དར་སྒྲེང་མཁན་གྱིས་རླུང་ཕྱོགས་དང་བསྟུན་ནས་རྒྱལ་དར་མཁའ་ལ་གཡུགས་པས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་མདུན་དུ་དལ་གྱིས་སྒྲེང་འགོ་ཚུགས་པ་རེད། ཐང་ཆེན་ཐོག་ཡོད་པའི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་3000ལྷག་ཙམ་གྱིས་སྐར་ལྔའི་དར་དམར་ལ་འདྲེན་བྱེད་ཟུང་ཅེ་རེར་བལྟས་ནས་བརྩེ་སེམས་ཚད་མེད་འཆང་བཞིན་ཐུན་མོང་ཐོག་གུས་ཤིང་བརྩེ་བའི་མེས་རྒྱལ་ཉིན་རེ་བཞིན་འཕེལ་རྒྱས་དང་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་དེ་བས་ཞི་མཐུན་དང་དེ་བས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས“ལོ་ངོ་57གོང་གི་དེ་རིང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་བདེ་སྐྱིད་སྲུང་སྐྱོང་བྱ་ཆེད། བོད་ས་གནས་སྲིད་གཞུང་རྙིང་པ་མེད་པ་བཟོས་ནས་ཕྱོགས་ཡོངས་ནས་དམངས་གཙོའི་བཅོས་སྒྱུར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། བོད་ཀྱི་མི་དམངས་ལོ་ངོ་སྟོང་རིང་བྲན་གཡོག་ཏུ་བཀོལ་བའི་ལྕགས་སྒྲོག་ལྕི་པོ་གཏོར་བ། ལོ་ངོ་བརྒྱ་ཕྲག་ཁ་ཤས་རྒྱུན་བསྐྱངས་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མཇུག་འགྲིལ་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་རང་ཉིད་ཀྱི་ལས་དབང་རང་གིས་ཁ་ལོ་སྒྱུར་བ་དང་རང་ཁྱིམ་རང་བདག་བྱེད་པའི་དུས་རབས་གསར་པ་བཏོད་ཡོད”ཅེས་གསུངས་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས་གསར་འགོད་པས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བྱེད་སྒོའི་ནང་ཞུགས་མཁན་མང་ཚོགས་ལ་བཅར་འདྲི་ཞུས་པ་ཡིན། 1950ལོར་སྐྱེས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བཀྲ་པོས“ང་རང་ལོ་བརྒྱད་ལ་སོན་པའི་བར་ཞིང་བྲན་གྱི་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། སྡོད་ཁང་མེད་ལ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་ཀྱི་མེད། སྔོན་ཆད་ཀྱི་འཚོ་བ་དང་ད་ཆའི་འཚོ་བ་གཏན་ནས་བསྡུར་ཐབས་མི་འདུག”ཅེས་དེ་སྔོན་ཉིང་ཁྲིར་འཚོ་བ་བསྐྱལ་མྱོང་བའི་བགྲེས་སོང་བཀྲ་པོས་དེ་ལྟར་བརྗོད་པ་དང་། ཁོང་གིས་སྔོན་ཆད་ཉིང་ཁྲི་ནས་ལྷ་ས་བར་སྐྱོད་པར་ཟླ་གཅིག་གཉིས་ཀྱི་དུས་ཚོད་འགོར་གྱི་འདུག ད་ཆ་གྲོང་ཚོར་གཞུང་ལམ་ཤར་གཏོང་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པས་ཉིང་ཁྲི་ནས་ལྷ་སའི་བར་ཆུ་ཚོད་གསུམ་བཞི་ཙམ་ལས་འགོར་གྱི་མི་འདུག་ཅེས་བཤད་བྱུང་། ཁོང་གིས“ཁྱོད་ཚོ་ནི་བསོད་ནམས་ལྡན་པའི་མི་རབས་ཤིག་དང་བདེ་སྐྱིད་ལྡན་པའི་མི་རབས་ཤིག་རེད། ཁྱོད་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོ་ཤེས་པ་བྱེད་དགོས”ཞེས་ཕྲུ་གུ་ཚོར་དུས་དང་རྣམ་པ་ཀུན་ཏུ་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། ཁོང་གིས“ང་ཚོ་མི་རབས་འདིས་དཀའ་སྡུག་མྱངས་ཡོད་མོད། འོན་ཀྱང་མཐའ་མཇུག་ད་དུང་བདེ་སྐྱིད་འཚོ་བ་བསྐྱལ་རྒྱུ་བྱུང་། ང་རང་ད་དུང་ལོ་བརྒྱད་ཅུ་དགུ་བཅུ་བར་གསོན་འདོད་འདུག ད་ཆ་ཉིན་ལྟར་ཞོགས་པ་སྔ་པོ་ལངས་ནས་གཟུགས་པོར་སྦྱོང་བརྡར་བྱེད་པ་དང་། གཞས་གཏོང་བ། ཞབས་བྲོ་འཁྲབ་པ་སོགས་བྱེད་ཀྱི་ཡོད་པས་འཚོ་བ་ཧ་ཅང་སྐྱིད་སྣང་དོད་པ་ཞིག་འདུག་ལ་བདེ་སྐྱིད་རྫོགས་མཐའ་མི་འདུག”ཅེས་བཤད་བྱུང་།

    ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་བསོད་ནམས་རྡོ་རྗེས་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཚབ་ཞུས་ནས་དེ་རིང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཞུགས་རྒྱུ་བྱུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་ཐུགས་ཁུར་འོག་ད་ཆ་གཙུག་ལག་ཁང་གི་ཁོར་ཡུག་གཙང་སྦྲ་ལྡན་པ་ཞིག་ཡོད། ལྷག་དོན་དུ་ཆུ་དང་། གློག ལམ་བཅས་ཤར་གཏོང་ཐུབ་པ་དེས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་སྐྲུན་བྱུང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ང་ཚོས་མིག་སྔའི་འཚོ་བར་གཅེས་སྤྲས་ཀྱིས་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད་བྱུང་།

    ལོ་70ལ་སླེབས་པའི་རབ་གསལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོང་མི་ཀུན་བཟང་གིས་ད་ཆའི་བདེ་སྐྱིད་འཚོ་བར་དགའ་ཞེན་ཚད་མེད་བྱེད་ཅིང་། ཁོང་གིས“བོད་དུ་ལོ་རེ་ལས་ལོ་རེ་མ་བསྡད་པར་འཕེལ་རྒྱས་ཆེན་པོ་འགྲོ་གི་འདུག ད་ཆའི་བདེ་སྐྱིད་འཚོ་བ་སྐད་ཆའི་ཐོག་ནས་བརྗོད་ཐབས་མི་འདུག མི་རིགས་འདྲ་མཉམ་དང་། བདེ་སྐྱིད་འཚོ་བ། མི་ལུས་རང་དབང་བཅས་སྔོན་ཆད་དང་རྩ་བ་ནས་བསྡུར་ཐབས་མི་འདུག ལྷག་པར་དུ་ཏང་ཀྲུང་དབྱང་གིས་རྒན་རྒོན་གྱི་འཚོ་བར་གཅེས་སྐྱོང་གནང་བ་དེས་རྒན་རྒོན་རྣམས་ལ་བདེ་སྐྱིད་ཚེ་མཇུག་འཚོ་བ་སྐྱེལ་རྒྱུ་བྱུང་བས་ང་རང་སེམས་གཏིང་ནས་དགའ་ཚོར་ཆེན་པོ་ཡོང་གི་འདུག དེ་ནི་གུང་ཁྲན་ཏང་གི་བཀའ་དྲིན་རེད། ངས་འབྱུང་འགྱུར་གྱི་བདེ་སྐྱིད་འཚོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

    ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་ལོ་བཅུ་ལ་སླེབས་པའི་སློབ་མ་མི་འགྱུར་གཡུ་མཚོས“རྨོ་བོ་ལགས་ཀྱིས་རྟག་ཏུ་ང་ཚོར་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་སྐྱོན་གྱི་འདུག ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཆེན་པོ་ཆགས་རྗེས་སྨན་པ་ཞིག་བྱ་རྒྱུ་ཡིན། ང་ཚོར་རང་གི་འབད་བརྩོན་ལ་བརྟེན་ནས་ཕུགས་འདུན་འགྲུབ་པའི་ཆ་རྐྱེན་ཡོད། དེ་ནི་རྨོ་བོ་ལགས་ལ་ཕུགས་འདུན་ཡོད་ཀྱང་འགྲུབ་ཐབས་མེད་པའི་དོན་དངོས་དང་གཏན་ནས་འདྲ་གི་མེད”ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།