[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>3.28ལོ་57འཁོར་བར་རྟེན་འབྲེལ་ཞུ།>པར་རིས་གསར་འགྱུར།
  • དམངས་གཞས་ལས་བོད་གསར་རྙིང་གི་འཕོ་འགྱུར་མངོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2016-03-30

    266256_yis_1459229361735_s.jpg

    “དུས་རབས་རེར་ཁྱད་ཆོས་རེ་ཡོད། གཏམ་དཔེ་ལས་གང་ལ་དེ་འཚམ་གྱི་དུས་རབས་ཀྱི་ཁྱད་ཆོས་དེ་འདྲ་བ་མངོན་ཐུབ”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་ཟླ་ཆུང་གིས“མངར་བ་ནི་སྦྲང་རྩི་དང་གསོན་ཉམས་དོད་པ་ནི་གཏམ་དཔེ་ཡིན”ཞེས་བརྗོད།

    དུས་རབས་ཕྱེད་ཀའི་གོང་གི་བོད་ལ་ཕྱིར་མིག་ལྟ་སྐབས་ལོ་74ལ་སླེབས་པའི་བགྲེས་སོང་དགེ་ལེགས་ཆོས་དར་གྱིས“ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་པོར་བདག་སོང་། སྲོག་དང་ལུས་པོ་ཡོད་ཀྱང་། རང་ལུས་རང་དབང་མི་འདུག”ཅེས་པའི་དམངས་གཞས་བླངས་ནས་སྐབས་དེ་དུས་ཀྱི་གནས་ཚུལ་མཚོན་པར་བྱེད་ཅིང་། འདི་ནི་བགྲེས་སོང་དགེ་ལེགས་ཆོས་དར་ཕྲུ་གུ་ཚོ་དང་ལྷན་དུ་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། “དུས་རབས་རེར་ཁྱད་ཆོས་རེ་ཡོད། གཏམ་དཔེ་ལས་གང་ལ་དེ་འཚམ་གྱི་དུས་རབས་ཀྱི་ཁྱད་ཆོས་དེ་འདྲ་བ་མངོན་ཐུབ”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་ཟླ་ཆུང་གིས“མངར་བ་ནི་སྦྲང་རྩི་དང་གསོན་ཉམས་དོད་པ་ནི་གཏམ་དཔེ་ཡིན”ཞེས་བརྗོད།

    དུས་རབས་ཕྱེད་ཀའི་གོང་གི་བོད་ལ་ཕྱིར་མིག་ལྟ་སྐབས་ལོ་74ལ་སླེབས་པའི་བགྲེས་སོང་དགེ་ལེགས་ཆོས་དར་གྱིས “ཚེ་སྲོག་ཕ་མས་གནང་ཡང་། ལུས་པོ་དཔོན་པོར་བདག་སོང་། སྲོག་དང་ལུས་པོ་ཡོད་ཀྱང་། རང་ལུས་རང་དབང་མི་འདུག”ཅེས་པའི་དམངས་གཞས་བླངས་ནས་སྐབས་དེ་དུས་ཀྱི་གནས་ཚུལ་མཚོན་པར་བྱེད་ཀྱི་ཡོད།

    ལོ་57གོང་། ལོ་20ལ་མ་སླེབས་པའི་དགེ་ལེགས་ཆོས་དར་གྱིས་ཉིན་ལྟར་ཞིང་བྲན་བདག་པོར་ངལ་རྩོལ་བྱས་ནས་ཡ་ང་བའི་འཚོ་བ་བསྐྱལ་བ་དང་། ཁོང་གིས་ཞིང་བྲན་བྱེད་པར“ལྕགས་ཀྱི་རྐང་པ་དགོས་གིས། བྱིའུ་ཡི་གྲོད་པ་དགོས་གིས། འུག་པའི་མིག་ལྟར་དགོས་གིས”ཞེས་བརྗོད།

    བགྲེས་སོང་དགེ་ལེགས་ཆོས་དར་གྱི་ཁྱིམ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོར་གནས་པ་དང་། རླངས་འཁོར་དུ་བསྡད་ན་ལྷ་ས་གྲོང་ཁུལ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལས་འགོར་གྱི་མེད།

    གསར་འགོད་པ་ཁོང་ཁྱིམ་གྱི་ཐོག་སོ་གཉིས་ལྡན་གྱི་ཁང་བཟང་དུ་བསྐྱོད་སྐབས་སྨི་ངོས་གྲུ་བརྒྱ་ཙམ་ཟིན་པའི་སྒོ་རའི་ནང་བུ་མོ་ཆུང་ཆུང་གཉིས་རྩེད་མོ་རྩེ་བཞིན་འདུག ཁོང་གིས་ལུས་ལ་སྣམ་བུའི་ཕྱུ་པ་ནག་པོ་ཞིག་ནང་བྱ་སྤུའི་ཁན་སྦྱར་ཞིག་གྱོན་འདུག 1942ལོར་སྐྱེས་པའི་ཁོང་གི་ངོ་གདོང་ཅུང་རིད་ཅིང་སྐྲ་དང་ཨ་ར་དཀར་པོར་གྱུར་ཡང་སྙིང་སྟོབས་རབ་ཏུ་འཕེལ་བ་ཞིག་འདུག

    “ངལ་རྩོལ་བྱས་ན་བདེ་སྐྱིད་ཐོབ། དཀའ་བ་སྤྱད་ན་འབྲས་བཟང་སྨིན”ཞེས་དེང་གི་འཚོ་བའི་སྐོར་གླེང་སྐབས་བགྲེས་སོང་གིས་དམངས་གཞས་དེས་མཚོན་པར་བྱས། ཁོང་ལོ་17ལ་མ་སླེབས་གོང་གི་དྲན་གསོས་པའི་འཚོ་བའི་ནང་ཁོང་གིས་རང་ཉིད་དང་ཞིང་བྲན་གཞན་ཚང་མ་ནི་ཞིང་བྲན་བདག་པོའི“ཉིན་མོའི་མི་དང་མཚན་མོའི་ཁྱི་ལྟ་བུ་རེད”དཀའ་བ་ཚད་མེད་སྤྱད་ཀྱང་བརྩི་མཐོང་གང་ཡང་མེད་པའི་ངང་འཚོ་བ་སྐྱེལ་གྱི་ཡོད་ཅེས་བརྗོད།

    དུས་རབས་20པའི་ལོ་རབས་50པར། ཞིང་བྲན་ལམ་ལུགས་དང་མི་རྒྱུད་ནག་པོ་བྲན་དུ་བཀོལ་བའི་ལམ་ལུགས་དེང་རབས་ཤེས་དཔལ་གྱིས་མཆིལ་མ་བཞིན་དུ་དོར་ཟིན་མོད། འོན་ཀྱང་བོད་ཀྱི་སྤྱི་ཚོགས་འདི་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་སྔར་བཞིན་གནས་ཡོད། ཕྱག་མཛོད་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་དགེ་འདུན་པ་བཅས་ཀྱིས་བོད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ་བཟུང་ཞིང་། དེ་ནི་གཏམ་དཔེའི་ནང་བརྗོད་པ་བཞིན“དབུལ་པོའི་རྔུལ་ཆུ། ཕྱུག་པོའི་རྒྱུ་ནོར”ཞེས་པ་ལྟར་རེད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དགེ་ལེགས་ཆོས་དར་གྱི་ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། བགྲེས་སོང་གི་སྐད་ཆ་ལྟར་ན། “སྐད་ཆ་ཤོད་དབང་མེད་པ་དང་གོམ་པ་སྤོ་དབང་མེད་པའི”འཚོ་བ་རྦད་དེ་མཇུག་འགྲིལ་བ་རེད། དེ་རྗེས་ཁོང་གིས་ས་གནས་དེ་གའི་ཞིང་པ་དབུལ་པོའི་མཐུན་ཚོགས་ཀྱི་ཀྲུའུ་རེན་དང་། རྒུ་རུམ་ཆུས་གྲོང་གསེབ་ཡིད་རྟོན་ཁང་གི་ཀྲུའུ་རེན། ཡུལ་དམག་གི་བཅུ་དཔོན། ཤང་སློབ་ཆུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་འཁུར་བ་སོགས་ཀྱི་འགན་འཁུར་མྱོང་ཡོད་པ་དང་1965ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།

    བགྲེས་སོང་གིས“མུན་ནག་བརྒྱུད་མྱོང་མཁན་གྱིས་འོད་ཟེར་རྩ་ཆེན་ཡིན་པ་གཞི་ནས་ཤེས་ཐུབ་པ་དང་། མནར་གཅོད་བརྒྱུད་མྱོང་མཁན་གྱིས་གཞི་ནས་བདེ་སྐྱིད་གང་ཡིན་པ་ཚོར་ཐུབ”ཅེས་དང་། “དེང་གི་བདེ་སྐྱིད་འཚོ་བ་མཐའ་དག་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་ཡིན”ཞེས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།