[ English ] [ 中文 ]
0891-6325020
  • བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཟླ་3ཚེས་28ཉིན་གྱི་ཉིན་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-02

    ཟླ་3ཚེས་28ཉིན་གྱི་ཞོགས་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལུས་རྩལ་ཐང་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་འོག སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་སློབ་སྤྱི་གཞོན་པ་དངོས་གྲུབ་ཀྱིས་དགེ་སློབ་ཡོངས་ལ་རྒྱལ་གཅེས་བོད་དར་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། སློབ་གསོའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་འབད་བརྩོན་ཆེན་པོས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་11པར། སློབ་གྲྭ་ཆེ་མོ་བ་བོད་དུ་བསྐྱོད་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་དང་བོད་གསར་རྙིང་བསྡུར་བ་སོགས་བརྗོད་དོན་གཙོ་བོའི་འགྲེམས་པང་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། སློབ་གྲྭ་དེ་ཡོངས་ཀྱི་དགེ་སློབ་མཉམ་དུ་ལྟ་སྐོར་བྱས་ནས་ལོ་59རིང་གི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་ཉམས་རོལ་བྱས་པ་རེད།

    ཉིན་དགུང་ཆུ་ཚོད་དང་པོར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བ་དང“དཔྱིད་ཀའི་མེ་ཏོག”ཅེས་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་འགོ་ཚུགས་པ་རེད།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་བ་ལས་དགེ་སློབ་ཀྱི་རྒྱལ་གཅེས་དང་བོད་གཅེས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་སོང་བ་དང་དགེ་སློབ་ཚོའི་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་ཆེ་རུ་ཕྱིན་ཡོད་པ་རེད།

    དགེ་སློབ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་སྟོབས་བརྩོན་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་དངོས་ལས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།