[ English ] [ 中文 ]
0891-6325020
  • 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཡི་དཔེ་སྐྲུན་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-31

    ཟླ་3ཚེས་28ཉིན་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཞིག་རེད། ཚེས་27ཉིན་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་པེ་ཅིང་དུ《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཡི་དཔེ་སྐྲུན་རིག་གཞུང་བགྲོ་གླེང་ཚོགས་འདུ་དང“ཡང་སྲིད་ངོས་འཛིན”གྱི་ཆེད་དོན་པར་གཞི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འཁྲིད་འགན་འཁུར་བའི་རྒྱལ་ཁབ་རིམ་པའི་ཚན་ཞིབ་ཀྱི་བསླབ་གཞི་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཞིག་རེད། དཔེ་དེབ་ཧྲིལ་པོར་དཔོད་8དང་དེབ་13དང་། དེར་ཁྱོན་ཡིག་འབྲུ་ཁྲི་850ལྷག་ཙམ་ཡོད་ཅིང་། བོད་ཀྱི་ས་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ཀྱི་དོགས་གནད་དང་དཀའ་གནད་དང་སྟོང་ཆ་གསབ་པ་ནས་འགོ་བཙུགས་ཏེ་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་དང་དེ་བཞིན་ཡིག་རིགས་མང་བའི་ལོ་རྒྱུས་ཀྱི་ཡིག་རིགས་ལ་བརྟེན་ཏེ། རྡོ་ཆས་སྤྱོད་པའི་དུས་རབས་ནས་2015ལོའི་བར་གྱི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ལམ་ལུགས། བསམ་བློའི་རིག་གནས། ཆོས་ལུགས། དམག་དོན། ཚན་རྩལ། འགྲིམ་འགྲུལ། མི་རིགས་འབྲེལ་བ་སོགས་ཀྱི་ཐད་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་པས། ཀྲུང་གོའི་བོད་ལྗོངས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་གཅིག་སྡུད་མངོན་ཡོད། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལ་ལོ་རྒྱུས་ཀྱི་ཡིག་རིགས་གསལ་པོ་དང་དཔང་རྟགས་ཁུངས་བཙན་གྱིས་གནའ་སྔ་མོ་ནས་བཟུང་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་སྣེ་མང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན་པ་རྩོད་གླེང་མེད་པའི་ར་སྤྲོད་གསལ་པོ་བྱས་ཡོད། དེབ་དེར་སྐབས་བཞི་པའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ་དང་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་དམིགས་བསལ་བྱ་དགའ་ཐོབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།