[ English ] [ 中文 ]
0891-6325020
  • ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བསམ་གླིང་ཚེ་བརྟན་དབང་མོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-30

    ལོ་59ཡི་གོང་གི་དེ་རིང་བོད་ཀྱིས་རྙིང་རུལ་མུན་ནག་དང་། གདུག་རྩུབ་སྒེར་གཅོད། ཆོས་སྲིད་ཟུང་འབྲེལ་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་་བཟོས་པ་ནས་བཟུང་བོད་ལྗོངས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་སྐྱོད་ཡོད། ལོ་བཅུ་ཕྲག་ཁ་ཤས་ནང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེ་བཞིན་ཁོང་ཚོའི་རྗེས་རབས་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ། སྤྱི་ཚོཌ་རིང་ལུཌ་ཀྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིཌ་མཐུན་སྒྲིལ། སྤྱི་ཚོཌ་བརྟན་ལྷིང་བཅས་སྲུང་སྐྱོང་བྱས་ནས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཚང་མར་འདོན་དགོས་ངེས་ཀྱི་ནུས་པ་བཏོན་ཡོད་པ་རེད།

    ཏང་ཕྱིའི་ལས་བྱེད་པ་དང་རྒྱལ་གཅེས་འཐབ་ཕྱོགས་མི་སྣའི་རྗེས་རབས་པ་ཤིག་ཡིན་པའི་ངོས་ནས་ངས་གཤམ་གསལ་གྱི་ལས་དོན་ཁག་ཧུར་ཐག་བསྒྲུབ་རྒྱུ་སྟེ།

    གཅིག་ནི་ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས“གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་རང་རྟོགས་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“ཡིད་ཆེས་བཞི”ཟམ་མི་ཆད་པར་བརྟན་པོ་ཡོང་བར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་།

    གཉིས་ནི་ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། རང་རྟོགས་ངང་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་བླང་བྱ་དང་སྲིད་གྲོས་ཀྱི་ལས་འགན་ཁུར་ཚུལ་སོགས་ལས་སྒོའི་ཤེས་བྱ་སློབ་སྦྱོང་དང་བསམ་གཞིགས་གཏིང་ཟབ་བྱས་ཏེ་ཤེས་བྱའི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་རྒྱུ།

    གསུམ་ནི་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། སྟག་རྩེའི“རྫོང་ཆུས་སུ་འགྱུར་བའི”བསམ་ཕྱོགས་གསར་པ་དང་བླང་བྱ་གསར་པར་དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ལྟེ་བའི་ལས་དོན་དང་འཚམ་པའི་ལྟ་ཞིབ་དང་བརྟག་ཞིབ་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ལས་ཀའི་ཤུགས་རྒྱག་ས་དང་འགོ་འཛུགས་ས་འཚོལ་ཞིབ་ཡང་དག་བྱས་ཏེ་ལས་འགན་སྒྲུབ་རྒྱུ་དེ་གནད་ལ་འཁེལ་བ་དང་། འགག་རྩའི་སྐབས་སྒྲུབ་ཐུབ་པ། དགོས་མཁོ་ཡོད་པའི་སྐབས་སྒྲུབ་ཐུབ་པ་བཅས་བྱ་རྒྱུ།

    བཞི་ནི་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཟུགས་བརྙན་བཟང་པོ་གཏོད་རྒྱུ་ཡིན་ཞིང་། ཏང་ཕྱིའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་སྤྱོད་ཚུལ་བཟང་པོ་ལག་བསྟར་ཧུར་ཐག་བྱས་ཏེ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་ཕོད་པ་དང་། དུས་བསྟུན་འཕེལ་རྒྱས། གསར་འབྱེད་གསར་གཏོད་བཅས་ཀྱི་བསམ་བློའི་འཁྱེར་སོ་བཟང་པོའི་ཐོག་ནས་ལས་དོན་སྒྲུབ་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་པའི་ཐད་མིག་དཔེ་འདོན་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་བཅས་སོ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།