[ English ] [ 中文 ]
0891-6325020
  • ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས།

    ལྷ་ས་སློབ་འབྲིང་2019ལོའི་འཛིན་གྲྭ་དྲུག་པའི་སློབ་མ། ཕུར་བུ་སྒྲོལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-30

    སྔར་སོང་ལ་རྒྱུས་མངའ་ལོན་ན་གཞི་ནས་ད་ཆར་གཅེས་སྤྲས་བྱེད་ཐུབ། མཐོ་འབྲིང་གི་སློབ་མ་ཞིག་ཡིན་པའི་ངས་བོད་རྙིང་པ་དངོས་སུ་བརྒྱུད་མྱོང་མེད་ནའང་མུན་ནག་གི་ལོ་རྒྱུས་དེར་རྒྱུས་མངའ་ཡོད། གང་ལགས་ཤེ་ན། སྤོ་བོ་ལགས་ཀྱིས་རྟག་ཏུ་ངར་ཁོང་ཚོའི་ལོ་རབས་སུ་མི་རྣམས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པ་མ་ཟད་སྒོ་ཕྱུགས་དང་ས་ཞིང་ཡང་མེད་པ་ལ་སོགས་པའི་འདས་སོང་བྱ་བ་གསུང་གིན་མཆི་མ་གཏོང་བ་དང་། ངར་ད་ཆའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་མངགས་བྱའང་གནང་གི་འདུག

    བཀའ་དྲིན་ཚོར་ན་གཞི་ནས་བདེ་སྐྱིད་དོན་གཉེར་བྱེད་ཐུབ། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་འགྱུར་ལྡོག་བྱུང་བ་ནི་ཏང་གི་བཀའ་དྲིན་དང་ཁ་འབྲལ་ཐབས་མེད། ཕ་ཡུལ་དུ་ལམ་བུ་སྔར་བས་ཡངས་སུ་ཕྱིན་པ་དང་། ཁང་པ་སྔར་བས་མཛེས་སུ་ཕྱིན་པ། འཛུམ་མདངས་སྔར་བས་འཚེར་དུ་ཕྱིན་ཡོད། སློབ་གྲྭར་སློབ་ལ་བརྩོན་པའི་སློབ་བུ་ཇེ་མང་དུ་ཕྱིན་པ་དང་སློབ་ཁང་ཇེ་ཡངས་སུ་ཕྱིན་ནས“འགན་ལེན་གསུམ་གྱི་སྲིད་ཇུས”ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    ལག་ལེན་བསྟར་ན་གཞི་ནས་བཀའ་དྲིན་གསོ་ཐུབ། མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ངར་བག་ཆགས་ཟབ་ཤོས་ནི་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་སྒྲོལ་དཀར་ཡིན། ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། མི་རབས་གཉིས་ཀྱི་ནང་མི་གསུམ་པོས་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཆགས་ཏེ་དགུན་དུས་ཀྱི་གྲང་ངད་བཟོད་བསྲན་ངང་སྐད་གྲགས་གང་ཡང་མེད་པར་མེས་རྒྱལ་གྱི་རྩྭ་རྩི་ཤིང་བསྲུངས་ཡོད། སློབ་འབྲིང་སློབ་མ་ཞིག་ཡིན་པའི་ངས་ཏང་གི་བཀའ་དྲིན་ཚོར་བ་བྱ་རྒྱུ་མ་ཟད་ད་དུང་ནང་སེམས་ལའང་འཇགས་པ་བྱས་ཏེ་ལག་ལེན་གྱི་ཐོག་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཕྱིས་སུ་འཐུས་མི་སྒྲོལ་དཀར་དང་འདྲ་བར་ནམ་ཡང་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཀྱི་ཡིན།

    རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཚེ་གཞི་ནས་ཕུགས་བསམ་འགྲུབ་ཐུབ། སློབ་འབྲིང་སློབ་མ་ཞིག་ཡིན་པའི་ངས་ངེས་པར་དུ་ཚན་རིག་རིག་གནས་ཤེས་བྱ་ཧུར་ཐག་སྦྱངས་ནས་མི་སྒེར་གྱི་འབད་འཐབ་དམིགས་ཚད་དེ་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱེད་པ་དང་མི་སྒེར་གྱི་ལང་ཚོའི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེའི་བྱ་གཞག་ཁྲོད་འདྲེས་པར་བྱ་རྒྱུ་ཡིན། ངའི་ཕུགས་བསམ་ནི་འགྲོ་འདོད་ཆེ་བའི་སློབ་ཆེན་དུ་རྒྱུགས་འཕྲོད་པར་བྱས་ཏེ་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་དེ་ཡིན། སླད་ཕྱིན་གྱི་ལོ་གཅིག་ལྷག་ཙམ་གྱི་མཐོ་འབྲིང་འཚོ་བའི་ནང་ངས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། ཏན་ཏན་ཏིག་ཏིག ཕུགས་བསམ་འཆང་བ། སློབ་ལ་འབད་པ། བརྩོན་པ་ལྷུར་ལེན་བཅས་བྱ་རྒྱུ་ཡིན།

    དེ་རིང་། ང་ཚོས་བོད་རྙིང་པའི་མུན་ནག་གི་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་བོད་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་པ་དང་། རྒྱ་མཚོ་ལྟར་ཟབ་པའི་ཏང་གི་བཀའ་དྲིན་ལ་ཐུཌ་རྗེ་ཆེ་ཞུ་བ། དུས་རབས་གསར་པའི་ལང་ཚོའི་ཕུཌ་འདུན་དོན་གཉེར་བྱེད་པ། མི་རིཌ་ཁག་གི་མི་དམངས་དང་མཐུན་སྒྲིལ་གྱིས་ཀྲུང་ཧྭ་མི་རིཌ་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།