[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ཉེར་སྤྱོད་ལག་རྩལ།
  • དགུན་དུས་ཕག་པ་གསོ་སྐབས་ཀྱི་གནད་འགག་ཆེན་པོ་དགུ།

  • ཡོང་ཁུངས།   ཞིང་འབྲོག་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-11-26

        ༡ ཕག་ཚང་གི་དྲོད་ཚད་མཐོ་རུ་གཏོང་དགོས། ཕག་ཚང་མཐོ་རུ་གཏོང་བར་བྱ་ཐབས་མང་པོ་ཡོད་མོད། འོན་ཀྱང་སྟབས་བདེ་ལ་འགྲོ་གྲོན་ཆུང་ཞིང་ཉེར་སྤྱོད་ཆེ་བའི་བྱ་ཐབས་ཁག་བཞི་ཡོད་པ་སྟེ།

        གཅིག་ནི་ཚོད་འཛིན་མེད་པའི་རང་བཞིན་གྱི་འགྱིག་ཁེབས་གཡོག་པ་དང་ཡག་ཤོས་བྱུང་ན་རིམ་པ་ཉིས་རྩེག་གི་འགྱིག་ཤོག་གཡོག་ཅིང་མ་གཞི་མ་གནས་དེ་རིམ་པ་གཅིག་རྩེག་ལས་མཐོ་བ་ཡོད་མོད། འོན་ཀྱང་དྲོད་སྲུང་གི་ནུས་པ་ཧ་ཅང་ཡག་པོ་ཡོད། བྱ་ཐབས་དེ་ཏིགས་ནི་རྒྱགས་གསོའི་ཕག་ཚང་དང་འོ་ཐག་ཆོད་པའི་མོ་ཕག་གི་ཚང་དང་འོགཐག་ཆོད་པའི་མོ་ཕག་གི་ཚང་ལ་འཚམ་པོ་ཡོད། གཉིས་ནི་བཀག་སྡོམ་དབྱིབས་ཀྱི་དྲོད་རླུང་མཁོ་འདོན་ལག་བསྟར་བྱེད་དགོས། གསུམ་ནི་བཀག་སྡོམ་དབྱིབས་ཀྱི་ཕག་གསོ་ར་བའི་ནང་ཁྲོ་ཐབ་དབྱིབས་ཀྱི་དྲོད་རླུང་མཁོ་འདོན་ལག་བསྟར་བྱེད་དགོས། གསུམ་ནི་བཀག་སྡོམ་དབྱིབས་ཀྱི་ཕག་ཚང་ནང་དྲོད་རླུང་མཁོ་འདོན་བྱེད་པའི་ཐོག་འགྱིག་ཁེབས་གཡོག་དགོས། བཞི་ནི་དྲོད་རླུང་མཁོ་འདོན་བྱེད་པའི་ཐོག་གློག་དྲོད་འཕྲུལ་ཆས་སྤར་ན་འོ་མ་སྣུན་བཞིན་པའི་མོ་ཕག་ལ་དྲོད་སྲུང་བྱེད་པར་ནུས་པ་ཤིན་ཏུ་ལེགས།

        ༢ ཕག་ཚང་གི་ཕྱིའི་གྱང་གི་མཐུག་ཚད་མཐོ་ལ་བཙན་པོ་དགོས། ཕག་ཚང་གི་ཕྱོགས་བཞིའི་གྱང་ངོས་སུ་ལོ་ཏོག་གི་སོག་མ་སྤུངས་བ་དང་གནས་སྐབས་ཀྱི་འདམ་བག་བྱུག་དགོས། ཡག་ཤོས་བྱུང་ན་ཕག་ཚང་ཐོག་མ་སྐྲུན་སྐབས་མཐའ་བཞིའི་གྱང་མཐོག་ཏུ་གཏོང་བའི་ཐག་གཅོད་བྱེད་དགོས། ཕག་ཚང་རྙིང་པའི་གྱང་སྲུབས་དང་སྒོ་སྒེའུ་ཁུང་གི་སྲུབས་ཀ་དུས་ཐོག་ཏུ་ཡག་པོ་འགོག་དགོས།

        ༣ ཕག་ཚང་གི་ས་ངོས་སྙོམ་པོ་དགོས། བཙོག་གཅིན་དང་བཙོག་ཆུ་དུས་ཐོག་ཏུ་ཕྱིར་འབུད་དགོས་པ་དང་གད་དར་གཙང་མ་བྱེད་དགོས། སྐམ་ཤས་ཆེ་བ་ཡོང་ཆེད་ཕག་ཚང་གི་ས་ངོས་ལ་ཨར་འདམ་འདིང་དགོས།

        ༤ ཉལ་གདན་པང་ལེབ་ཁ་སྣོད་འདིང་དགོས། ཕག་ཕྲུག་གི་དུས་རིམ་ནང་ཆ་རྐྱེན་ཡོད་པའི་ས་ཆར་ཡག་ཤོས་བྱུང་ན་པང་གཅལ་དང་སྨྱུག་ལེབ། མཐུག་ཏུ་བཏང་བའི་ཚི་སྣའི་པང་ལེབ་སོགས་དྲོད་ལྡན་རང་བཞིན་གྱི་ཉལ་གདན་འདིང་བ་དང་ཆ་རྐྱེན་མེད་ན་སྔོན་བཟོས་ཨར་ལེབ་འདིང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员