[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ཉེར་སྤྱོད་ལག་རྩལ།
  • ཞིང་ལས་འཕྲུལ་ཆས་ཀྱི་བདག་སྐྱོང་དང་ཉམས་བཟོའི་ཚད་འཛིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-09-26

        ཞིང་ལས་འཕྲུལ་ཆས་ནི་དེང་རབས་ཞིང་ལས་ཀྱི་གལ་ཆེའི་རྒྱུ་དངོས་ཀྱི་རྨང་གཞི་ཞིག་ཡིན་པ་དང་ཞིང་ལས་དེང་རབས་ཅན་གལ་ཆེའི་ནང་དོན་དང་མཚོན་རྟགས་ཤིག་རེད། དེར་བརྟེན་ཞིང་ལས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་ནུས་པ་འདོན་སྤེལ་གང་ལེགས་ཡོང་ཆེད་ངེས་པར་དུ་ལུགས་མཐུན་ངང་བེད་སྤྱོད་བྱེད་པ་དང་། ཚན་རིག་མཐུན་པའི་ངང་ནས་བདག་སྐྱོང་བྱས་ནས་ནམ་རྒྱུན་ཏུ་ཅུང་ལེགས་པའི་ལག་རྩལ་གྱི་གནས་སྟངས་ཡོང་བ་བྱེད་དགོས།

        དང་པོ། འདྲུད་འཐེན་འཁོར་ལོའི་བདག་སྐྱོང་དང་ཉམས་བཟོ་བྱེད་པའི་སྐབས་སུ་མི་ཟག་པ་གསུམ་གྱི་ཚད་གཞི་ལོན་དགོས།

        སྣུམ་མི་ཟག་པ་དང་། ཆུ་མི་ཟག་པ། རླུང་མི་ཤོར་བ་བཅས་ཡིན་པ་དང་ད་དུང་གཙང་མ་བཞི་དགོས་པ་སྟེ། སྣུམ་གཙང་མ་དང་། ཆུ་གཙང་མ། འཕྲུལ་ཆས་གཙང་མ་བཅས་ཡོང་བ་བྱེད་དགོས་ཁར་དེ་བཞིན་ཅུང་ལེགས་པ་ལྔ་དགོས་སྟེ། ལེགས་སྒྲིག་ཅུང་ལེགས་པ་དང་། འཇམ་འདྲེད་ཅུང་ལེགས་པ། བཅུས་སྡོམ་ཅུང་ལེགས་པ། ཆུ་ཚོད་ཅུང་ལེགས་པ། གློག་ཆས་ཀྱི་སྒྲིག་ཆས་ཅུང་ལེགས་པ་བཅས་དགོས་ཀྱི་ཡོད།

        1.སྒུལ་བྱེད་འཕྲུལ་འཁོར་གྱི་ལས་ཕྱོད་ནི་གཏན་འཁེལ་ཚད་གཞིའི་ནང་དུ་འཁོར་རྒྱུག་བྱེད་པའི་སྐབས་ལ་ཚད་གཞི་ལོན་པའི་ཤུགས་ཚད་ལོན་པ་དང་མ་མཐར་ཡང་ཚད་གཞི་ལོན་པའི་ཚད་ལས་བརྒྱ་ཆ་95ལས་དམའ་བ་བྱ་རྒྱུ་མེད།

        2.སྣུམ་ཟད་ཚད་ནི་གཏན་འཁེལ་བའི་ཚད་གཞི་ལས་མཐོ་དྲགས་རྒྱུ་མེད་ཅིང་། འཁོར་རྒྱུག་ཚད་གཞི་ནི་ལག་རྩལ་གྱི་དཔྱད་གྲངས་ཀྱི་བླང་བྱ་ལྟར་ཚད་ལོན་པ་བྱེད་དགོས།

        3.སྒུལ་བྱེད་འཕྲུལ་འཁོར་གྱི་གློག་སློང་བདེ་བ་དང་འཁོར་རྒྱུག་ཅུང་ལེགས་པ། གང་བྱུང་གི་སྐད་སྒྲ་མི་ཐོན་པ། དུ་ཐོན་གྱི་ཁ་མདོག་རྒྱུན་ལྡན་ལྟར་ཡིན་པ།

        4.མཁའ་རླུང་དྭངས་འཚག་ཡོ་བྱད་དང་། ཚའེ་ཡུའུ་སྣུམ་དྭངས་འཚག་ཡོ་བྱད། ཚ་སེལ་ཡོ་བྱད་བཅས་ལ་གཙང་སྦྲ་དོད་པོ་བྱད་ནས་འཕྲུལ་འཁོར་གྱི་གཤིས་ནུས་ཡག་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།

        5.བཀོལ་སྤྱོད་གྲུབ་ཆ་སྙོམས་སྒྲིག་འཚམ་པོ་ཡོང་བ་བྱས་ནས་ཁ་ལོའི་སྒྱུར་སྟངས་ཚད་ལྡན་དང་། བདེ་འཁྱུག། ཡང་པོ་བཅས་ཡོང་བ་བྱེད་དགོས།

        6.བཀག་གཏོང་ཚད་ལྟར་ལོན་པ་དང་། གནད་འགག་མེད་པ། ཤུགས་རྒྱག་མི་དགོས་པ་བཅས་ཀྱིས་མྱུར་ཚད་གྲུབ་ཆ་བདེ་ལྕག་འཁྱུག་པོ་བྱུང་ནས་ཏྰང་འཕར་མཆོང་རྒྱག་པ་དང་། ཏྰང་གང་བྱུང་འཛུལ་བ། ཏྰ་ལ་སེམས་ཁྲལ་ཆེན་པོ་བྱེད་པ་སོགས་ཀྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས།

        7.གཙོ་བོའི་འབྱེད་མཐུད་ཡོ་བྱད་སྦྲེལ་མཐུད་སྙོམས་ལ་བརྟན་པོ་ཡོད་པ་དང་ཁ་འགྱེད་མཐར་ཕྱིན་པ་ཡིན་ལ་ཁུར་པོ་ཡོངས་སུ་འཁུར་ནས་ལས་ཀ་བྱེད་སྐབས་སྟོང་འཁོར་མི་རྒྱག་པ་བྱེད་དགོས།

        8.འཕྲུལ་སྒུག་སྐབས་དང་འགྲོ་སྐྱོད་སྐབས་སུ་མྱུར་ཚད་མགྱོགས་སུ་གཏོང་བའམ་ཡང་ན་འགོར་རུ་གཏོང་བའི་སྐབས་དང་ཡང་ན་ཕྱིར་བཤོལ་རྒྱག་སྐབས་དང་། ཁ་ཕྱོགས་སྒྱུར་སྐབས་དང་ཡང་ན་ཕྱིར་བཤོལ་རྒྱག་སྐབས། ཁུར་པོ་འཁུར་བའི་སྐབས་སམ་ཡང་ན་སྟོང་པར་འགྲོ་སྐབས་སོགས་ཀྱི་གནས་ཚུལ་འོག་རྒྱུན་ལྡན་མིན་པའི་དང་སྐད་སྒྲ་དང་ཚེར་སྒྲ་དེ་མིན་ཚད་ལས་བརྒལ་བའི་ཚ་པོ་ཆགས་པ་དང་འཁར་ལུས་ཐེབས་པ་བཅས་ཀྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས།

        9.གློག་གི་སྒྲིག་ཆས་ཡག་པོ་ཡོད་ལ་ནུས་ཐོན་རྒྱུག་ལྡན་ལྟར་ཡིན་པ།

        10.ཞོར་གཏོགས་སྒྲིག་ཆས་དང་ནུས་ཤུགས་ཐོན་པའི་སྒྲིག་ཆས། གཤེར་གནོན་འགེལ་ཆས་བཅས་སྒུལ་སྐྱོད་སྙཽམས་པོ་དང་བརྟན་པོ་ཡོད་ལ་བཀོལ་སྤྱོད་སྐྱེན་པོ་ཡོད་ལ་བརྟན་པོ་ཡོད་པ། ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་གང་ཡང་མེད་པ།

        གཉིས་པ། ཞིང་འཕྲུལ་ཡོ་བྱད་བདག་སྐྱོང་དང་བཟོ་བཅོས་བྱེད་པའི་ཚད་གཞི།

        ཞིང་འཕྲུལ་ཡོ་བྱད་བདག་སྐྱོང་དང་བཟོ་བཅོས་བྱེད་པར་མ་ལག་བདེ་པོ་གསུམ་བྱེད་དགོས་པ་སྟེ། བཀོལ་སྤྱོད་བདེ་ལྕག་འཁྱུག་པོ་དང་། འགུལ་སྐྱོད་བདེ་ལྕག་འཁྱུག་པོ། སྤོར་གཅོག་མ་ལག་བདེ་པོ་བཅས་བྱེད་དགོས་པ་ལས་ལྔ་མི་ཡོང་བ་བྱེད་དགོས་སྟེ། འཆིང་མེད་པ་དང་། རྟུལ་མེད་པ། བཟོ་ལྟ་འགྱུར་མེད་པ། བཙའ་བརྒྱབ་མེད་པ། ཆད་ལྷག་མེད་པ་བཅས་དགོས་ཤིང་། གཅིག་ཡག་པོ་དགོས་པ་སྟེ་ལག་རྩལ་གྱི་གནས་ཚུལ་ཡག་པོ་ཡོད་དགོས། ཞིབ་ཕྲའི་བླང་བྱ་ནི་བཀོལ་སྤྱོད་ཡོ་བྱད་འཇམ་ཤ་དོད་ཅིང་འགོག་རྐྱེན་ཆུང་བ་དང་འཁོར་སྐྱོད་ཀྱི་སྤུས་ཚད་ཡག་པོ་ཡོད་ཁར་ཆ་ལག་དབར་བརྡར་འགུལ་བྱེད་སྐབས་སྐད་སྒྲ་ཁྱད་ཚར་དང་ཚ་པོ་མེད་པའི་ཐོག་ནས་བཀོལ་སྤྱོད་བྱེད་པའི་ལྷུ་ལག་ཚང་མའི་ནུས་པ་རྒྱུན་ལྡན་ལྟར་ཐོན་ཐུབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员