[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ཉེར་སྤྱོད་ལག་རྩལ།
  • བོད་ལྗོངས་ཉིང་ཁྲིར་ནས་ནག་དང་ཡ་མ་སོ་མ་ཚོད་འདེབས་བདེ་བླག་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2014-09-17

        ཉིན་ཤས་གོང་ཉིང་ཁྲི་ནས་གཏམ་བཟང་གྲགས་པ་སྟེ། བོད་ནས་སྤུས་ཀ་ལེགས་ཤོས་སྟེ་ནས་ནག་དང་བོད་ལྗོངས་ས་ཁོངས་སུ་འདེབས་འཛུགས་བྱེད་མྱོང་མེད་པའི་ཡ་མ་སོ་མ་འདི་ལོ་བོད་ལྗོངས་སྨན་གླིང་སྣོད་བཅུད་ཞིང་འབྲོག་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དུ་ནང་འདྲེན་ཚོད་འདེབས་བྱས་པས་བདེ་བླག་བྱུང་བ་དང་མིག་སྔར་བརྔ་བསྡུ་ཟིན་པ་རེད།

        རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་ནས་ནག་ཁྲོད་ཀྱི་β-རྒུན་འབྲུམ་འདུས་ཧྭགས་ལ་རྒྱུ་ལོང་གི་ངན་སྐྲན་སྔོན་འགོག་དང་། དབྱང་འགོག རྒས་འགོག་བཅས་དང་། དེ་བཞིན་མཁྲིས་རྒྱུ་དམའ་རུ་གཏོང་བ་སོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་རེད། ཡ་མ་སོ་མའི་ནང་གི་སྤྲི་དཀར་དང་། ཞག་ཚིལ། མངར་རྒྱུའི་འདུས་ཚད་དེ་84.07%ཟིན་པ་དང་བཙིར་གནོན་བྱས་ནས་ཟ་སྣུམ་བཟོས་རྗེས་α-ཡ་མ་སོ་མའི་འདུས་ཚད་53%ཟིན་པ་དང་ཡ་མ་སོ་མ་སྐྱུར་ལ་སྐྲན་འགོག་དང་། ཁྲག་རྡོག་འགོག་པ། ཁྲག་ཚིལ་ཉུང་གཏོང་། ཁྲག་སྤྲི་ཉུང་གཏོང་། ཀླད་པའི་ཕྲ་ཕུང་ལ་འཚོ་བཅུད་སླེབས་པ། རང་ཚུགས་དབང་རྩ་དོ་སྙོམས་སོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་ཅིང་། འདི་ནི་བོད་ལྗོངས་སྨན་གླིང་སྣོད་བཅུད་ཞིང་འབྲོག་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་བཟོས་ཡ་མ་སོ་མའི་ཐོན་འབབ་ལ་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员