[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ཀུན་བཏུས་དགའ་ཚལ།
  • ཞིང་སྤྱོད་འགྱིག་ཤོག་སྲབ་མོའི་སྦགས་བཙོག་འགོག་བཅོས་ལག་རྩལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-06-26

        དབྱེ་ཕྲལ་བདེ་བའི་ཞིང་སྤྱོད་འགྱིག་ཤོག་སྤྱོད་པ་ཁྱབ་གདལ་གཏོང་དགོས། དབྱེ་ཕྲལ་བདེ་བའི་ཞིང་སྤྱོད་འགྱིག་ཤོག་ཕོན་ཆེན་བེད་སྤྱོད་མི་གཏོང་བའི་གནས་ཚུལ་འོག་ཅུང་མཐུག་ཙམ་གྱི་ཤུགས་ཆེའི་འགྱིག་རྒྱུས་བཟོས་པའི་འགྱིག་ཤོག་གིས་ཞིང་ལས་ལོ་ཏོག་འདེབས་གསོ་བྱ་ན་རྗེས་སུ་བསྡུ་ལེན་སྟབས་བདེ་པོ་ཡོད།

        རང་བྱུང་གི་ཚི་སྣས་བཟོས་པའི་དངོས་རྫས་ཀྱིས་ཞིང་སྤྱོད་འགྱིག་ཤོག་གི་ཚབ་བྱེད་དགོས། སོག་མའི་རིགས་ཀྱི་ཚི་སྣ་བེད་སྤྱད་དེ་ཞིང་སྤྱོད་ཀྱི་འགྱིག་ཤོག་སྲབ་མོ་ཐོན་སྐྱེད་བྱས་ཏེ་ཞིང་སྤྱོད་འགྱིག་རྒྱུའི་འགྱིག་ཤོག་སྲབ་མོའི་ཚབ་བྱ་ན་ཐབས་ཤེས་ཡག་པོ་ཞིག་རེད།

        དུས་ཚོད་འོས་འཚམས་སུ་སླེབས་སྐབས་འགྱིག་ཤོག་བཤུ་བའི་ལག་རྩལ་བེད་སྤྱོད་བྱེད་དགོས། ལོ་ཏོག་བསྡུས་ཟིན་རྗེས་འགྱིག་ཤོག་བཤུ་བའི་གོམས་གཤིས་དེ་ལོ་ཏོག་མ་བསྡུ་གོང་བཤུ་བར་འགྱུར་དགོས་པ་དང་བཤུ་བའི་དུས་ཚོད་བཟང་ཤོས་དེ་གདམ་དགོས་ཤིང་དེ་ལྟར་བྱ་ན་འགྱིག་ཤོག་བསྡུ་ལེན་བྱ་ཚད་མཐོ་རུ་འགྲོ་བ་དང་འགྱིག་ཤོག་སྙིགས་རོས་སྦགས་བཙོག་བཟོ་བ་འགོག་བཅོས་ཐུབ་ལ་ལོ་ཏོག་གི་ཐོན་ཚད་མཐོ་རུ་འགྲོ་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员