[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ཀུན་བཏུས་དགའ་ཚལ།
  • ཞིང་སྨན་གཏོར་ཆས་གཙང་འཁྲུད་བྱ་ཐབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-06-26

        1.འགྱིག་བཟོས་ཞིང་སྨན་གཏོར་ཆས། འགྱིག་བཟོས་ཞིང་སྨན་གཏོར་ཆས་ནང་སྔོན་ལ་བུལ་ཆུ་ཚ་པོ 5%(ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ 60ཡན )་བླུག་པ་དང་དེ་ནས་སྨན་གཏོར་བྱེད་མཆུ་ཏོ་དང་གཏོར་རྒྱུག་སོགས་ཚང་མའི་ནང་ངོས་སུ་སྐར་མ་10རེའི་ཐོག་དཀྲུག་དཀྲུག་ཐེངས་རེ་བྱས་ཏེ་ཆུ་ཚོད་2-3བར་སོང་རྗེས་བུལ་ཁུ་རྣམས་ཕྱིར་གཤོ་བ་དང་ཡང་བསྐྱར་ཆུ་གཙང་མས་གཙང་འཁྲུད་ཐེངས་2-4བྱས་ན་འགྲིག

        2.ལྕགས་བཟོས་ཞིང་སྨན་གཏོར་ཆས། དེ་ཡང་སྔོན་ལ་གཏོར་སྣོད་ནང་ས་རྫི་ཀ་ཀྴ་ར་1%(དེ་ནི་ལིའུ་སོན་ཡྰ་ཐེ་བཞུར་ཁུ་ཡིན་པ་)བླུགས་ནས་ཆུ་ཚོད་2སྦོང་བ་དང་ཡང་བསྐྱར་ཆུ་གཙང་མའི་ནང་ཐེངས་2-4འཁྲུད་དགོས། དེ་མིན་སྔོན་ལ་བུལ་ཆུ་ཚ་པོས་ཆུ་ཚོད་1(བྱ་ཐབས་གོང་དང་གཅིག་མཚུངས་)སྦོང་བ་དང་ཡང་བསྐྱར་བུལ་ཆུ་ཚ་པོས་ཆུ་བཤལ་ཐེངས་གཅིག་གཏོང་དགོས་ཤིང་མཐའ་མ་ཆུ་གཙང་མས་ཆུ་བཤལ་ཐེངས་4-5གཏང་ན་གཙང་མ་དག་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员