[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>བདེ་སྲུང་ཕྱོགས་སྟོན།
  • ཕག་སོན་འདེམས་པའི་ཤེས་བྱ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-09-23

        རྒྱུད་བཟང་གི་ཕག་སོན་འདེམས་ཐབས་ནི་སྔོན་ལ་ཕག་པའི་གྲོད་པ་ཆེ་ཆུང་ལ་ལྟ་དགོས་པ་དང་ཡག་ཤོས་བྱུང་ན་གྲོད་པ་ཆེ་ཙམ་ཞིག་དང་གྲོད་པའི་གཟུགས་དབྱིབས་ཟུར་གསུམ་ལྟ་བུ་ཞིག་འབྱུང་ན་ལྟོ་ཆས་མང་ཙམ་ཟ་ཐུབ་ལ་སྐྱེ་འཚར་ཡང་མགྱོགས་པོ་ཡོད། ད་དུང་ཕག་པའི་རྣ་ཅོག་དེ་ཉི་མར་ཁ་ཕྱོགས་ནས་ལྟ་དུས་དམར་མདངས་ལྡན་པ་ཞིག་འདེམས་དགོས་པ་ལས་ཁ་དོག་སེར་སྐྱ་གདམ་རྒྱུ་མེད། ཕག་པའི་སྣ་དེ་རིང་ལ་དུང་ཆེན་གྱི་ཁ་ལྟ་བུ་ཞིག་འབྱུང་ན་ལྟོ་ཆས་ཟ་ཤུགས་ཆེན་པོ་ཡོད་པ་མ་ཟད་ཕག་པའི་ཁའི་ནང་གི་མཆེ་བ་རིང་བ་དང་ཁ་འོག་གི་ཤ་གནད་མཐུག་པོ་ཞིག་འབྱུང་ན་ཕག་པས་ལྟོ་ཆས་སྣེ་མང་ཟ་བའི་ཁྱད་ཆོས་ལྡན་ཡོད་པའི་རྟགས་དང་དེ་མིན་ཕག་པའི་མིག་གཉིས་སྒོར་མོ་ཡིན་པ། མིག་ལྤགས་སྲབ་པ། མིག་གི་སྤྲི་དཀར་དེ་དམར་པོ་ཞིག་འབྱུང་ན་ཕག་པས་ཟས་དུག་རིགས་དབྱེ་བ་ལེགས་པོ་འབྱེད་ཐུབ་པའི་ཁྱད་ཆོས་ལྡན་ཡོད་པ་མ་ཟད་ཕག་ཟེ་རྩུབ་ལ་རིང་བ་དང་སུག་མཐིལ་སྒོར་ལ་འདྲོང་བ། མཇུག་མ་རིང་བ། མཇུག་མའི་རྩ་བ་དེ་ཕྲན་བུའི་སྦོམ་ཙམ་ཞིག་དང་སྒལ་པའི་ཟེ་དེ་གྱེན་དུ་གཟེངས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ན་རྒྱུད་བཟང་གི་ཕག་སོན་ཡིན་ནོ།   བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员