[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>ལག་རྩལ་གསོ་སྦྱོང་།
  • ཞིང་འབྲོག་ལས་ཀྱི་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-04-14

        ཉེ་ཆར་གྲ་ནང་རྫོང་མཆན་མདའ་གྲོང་ཚོ་དང་གནས་མགོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག (ལྷོ་ཁ་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཅུས་ཀྱིས་མངགས་གཏོང་བྱས )གིས “ཚན་རྩལ་དང་། བཅའ་ཁྲིམས། ཤེས་བྱ་བཅས་ཁྱབ་གདལ་གཏོང་བ་དང་སྨན་དང་སྨན་རྫས་སྐྱེལ་བ ”དེ་བརྗོད་བྱ་གཙོ་བོ་བྱེད་པའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཕྱོགས་བསྡུས་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

        ད་ཐེངས་གསོ་སྦྱོང་བྱེད་རིང་མཁས་དབང་ཚོས་ཞིང་འབྲོག་ལས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། གྲོང་གསེབ་ཀྱི་འགན་བཅོལ། འཕྲོད་བསྟེན་འཕྲོད་སྦྱོར་ཤེས་བྱ་སོགས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་ལ་དམིགས་པ་དང་དོན་དངོས་འདོན་པ་དང་ཟུར་དཔང་དྲངས་པའི་བྱེད་ཐབས་ཐོག་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་གྲོང་མི་དང་ས་གནས་ས་ཐོག་ཏུ་མཉམ་སྒུལ་སྤེལ་རེས་བྱས་པས་གསོ་སྦྱོང་ནང་ཞུགས་མཁན་གྲོང་མིས་ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་གསར་པ་སྔར་བས་ཁོང་དུ་ཆུད་པ་དང་། སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ། སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་་ཕྱིན་པ། སྲིད་གཞུང་གིས་འགན་བཅོལ་ལས་སྒོར་བརྟེན་ནས་དམངས་ལ་ཁེ་ཕན་སྐྲུན་པའི་སྲིད་ཇུས་གསལ་རྟོགས་བྱུང་བ། དེང་རབས་ཀྱི་འཕྲོད་སྦྱོར་འཚོ་བའི་འདུ་ཤེས་ཟབ་ཏུ་ཕྱིན་པ་བཅས་རེད། དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་བྱེད་པའི་རྒྱ་ཆེའི་མང་ཚོགས་ཀྱི་ནུས་པ་ཆེ་རུ་ཕྱིན་ལ་ཁོང་ཚོའི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཤེས་བྱའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员