[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཞིང་འབྲོག་ཚན་རྩལ་ཤེས་བྱ་ཕྱོགས་བསྡུས།>འཚོ་བ་དང་ཐོན་སྐྱེད་ཀྱི་ཡོ་བྱད་ངོ་སྤྲོད།
  • ས་མཐོའི་བོད་རིགས་ས་ཁུལ་དུ་ཇ་འདེབས་རྒྱུར་བྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2014-04-20

        མིག་སྔར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་དུ་རི་སྐྱེས་བོད་ཇའི་སྡོང་ཕྲུག་འདེབས་འཛུགས་དུས་ཚིགས་ལ་སླེབས་པས་ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོ་ཇའི་སྡོང་ཕྲུག་འདེབས་འཛུགས་ལས་ལ་བྲེལ་བཞིན་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  པད་མའི་རི་སྐྱེས་བོད་ཇར་སྣོད་བཅུད་དང་།  སྤྱན་གཟིགས།  དཔལ་འབྱོར་བཅས་ཀྱི་རིན་ཐང་ལྡན་ལ་སྐྱེད་སྲིང་ཐུབ་པ་དང་།  འདེབས་སླ་བ།  གསོན་བདེ་བ་བཅས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད།  མི་ཐབས་ལ་བརྟེན་ནས་ལོ་ལྔ་དྲུག་བཏབས་རྗེས་མུའུ་རེ་ནས་ཇ་རྒྱ་མ་5ཙམ་ཐོན་ནས་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་ཡོད།  ཉེ་བའི་ལོ་ཤས་ནང་ས་གནས་དེ་གའི་སྲིད་གཞུང་གིས་ཞིང་འབྲོག་པར་རི་སྐྱེས་བོད་ཇ་འདེབས་འཛུགས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དེའང་ཞིང་འབྲོག་པའི་འབབ་འཕར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཞིང་།  འདི་ནི་མཚོ་སྔོན་ཞིང་ཆེན་པད་མ་རྫོང་གི་བོད་རིགས་མང་ཚོགས་ཤིག་གིས་བོད་ཇའི་སྡོང་ཕྲུག་འདེབས་འཛུགས་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员