[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • ​ ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ནེ་པ་ལའི་རི་གྲོང་དུ་གཅེས་སེམས་མཚོན་པར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལར“4·25”ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་གཉིས་འཁོར་བའི་མཚམས་སུ་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ནེ་པ་ལའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས། ནེ་པ་ལ་དང་ཀྲུང་གོའི་དབར་གྱི་རིག་གནས་སློབ་གསོ་མཐུན་ཚོགས་བཅས་ཚན་པ་གསུམ་གྱི་འཐུས་མིས་ཚེས་22ཉིན་ནེ་པ་ལའི་རི་གྲོང་དུ་བསྐྱོད་དེ་ས་ཡོམ་གྱི་གནོད་འཚེ་ཕོག་མྱོང་བའི་སློབ་གྲྭ་དང་གྲོང་ཚོར་དྲོ་སྐྱིད་མཚོན་པར་བྱས་པ་རེད།

    ཕན་པ་ཐོབ་མཁན་གྱི་སློབ་གྲྭ་ནེ་པ་ལའི་བྱང་རྒྱུད་ཀྱི་ཤིན་ཏུའུ་ཕའར་ཆའོ་ཁེ་རྫོང་དུ་གནས་པ་མ་ཟད། གནས་ཡུལ་ལུང་ཁུག་ཡིན་པའི་ཁར་ཨ་ནེ་ཀོ་གཞུང་ལམ་གྱི་མ་ལམ་གཙོ་བོ་དང་རླངས་འཁོར་བཏང་ནས་སྐྱོད་ཚེ་བར་ཐག་ཆུ་ཚོད་གཅིག་ཙམ་ཡོད་པ་དང་ལམ་ཀྱག་ཀྱོག་ཡིན་པས་འགྲོ་སྐྱོད་ཐད་དཀའ་ངལ་ཆེན་པོ་ཡོད། སློབ་གྲྭའི་ཐོག་བརྩེགས་ཁང་ཆེན་དང་ཉལ་ཁང་དེ་ལོ་གཉིས་གོང་གི་ས་ཡོམ་ཆེན་པོའི་ཁྲོད་རྡེབ་སྐྱོན་ཤོར་བས་ལོ་རིམ་དང་པོ་ནས་ལོ་རིམ་བཅུ་གཉིས་བར་གྱི་སློབ་མ་400ཡོད་པ་རྣམས་མིག་སྔར་གནས་སྐབས་ཀྱི་སློབ་ཁང་ནང་སྔར་བཞིན་སློབ་ཚན་འཚོགས་བཞིན་ཡོད་པ་རེད།

    ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་སློབ་གྲྭར་གློག་ཀླད་དང་སྒྲ་བསྡུ་འཕྲུལ་འཁོར་ཞལ་འདེབས་བརྒྱབ་ཡོད། དགེ་སློབ་དང་། སློབ་མའི་ཁྱིམ་བདག ཡུལ་མི་བཅས་བརྒྱ་གྲངས་ལ་ཡུས་ཧུང་གིས་ཕྲུ་གུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཡིན་པས་རེ་བར་སློབ་མ་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཤེས་བྱ་དང་འཇོན་ཐང་འཕེལ་བ་དང་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་སྟེ། ནེ་པ་ལའི་འབྱུང་འགྱུར་དང་ཀྲུང་གོ་དང་ནེ་པ་ལའི་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད་པ་རེད།

    ནེ་པ་ལའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ནེ་པ་ལར་བཅའ་སྡོད་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་འཐུས་མི་ཡོན་ཀྲེ་ཞུང་གིས་ཧྲང་ཧའེ་ལས་གྲྭ་འཛུགས་སྐྲུན་ཚོགས་པ་དང་། ཀྲུང་གོ་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཀུང་སི། ཀྲུང་གོ་འཕྲིན་གཏོང་ཞབས་ཞུ་སོགས་ཀུང་སིའི་འཐུས་མིའི་སྣེ་འཁྲིད་དེ་ཡུལ་མིར་སྲིང་བལ་གྱི་ཉལ་ཆས་དང་། བཏུང་བྱ། ཏན་ཞིམ། ཆུ་ཟོམ། འདྲུད་ལྷམ་སོགས་དངོས་པོ་ཞལ་འདེབས་བརྒྱབ་ཡོད། ཡུལ་མིའི་འཐུས་མིས་གཏམ་བཤད་བྱེད་རིང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་མི་དམངས་ནི་ང་ཚོའི“གཉེན་ཉེ”དང“གྲོགས་པོ་བློས་ཐུབ”ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།