[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • རང་སྲོག་བློས་བཏང་ནས་མི་གཞན་བསྐྱབས།

    ཡོམ་འགོག་གེགས་སེལ་གྱི་དཔའ་བོ་དཔེ་བཟང་བ་པད་ཆོས་ཀྱི་གཏམ་རྒྱུད།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-07-18

    ལེ་ཚན་གཏོད་པའི་གཏམ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་ཀུན་སྤྱོད་དཔེ་བཟང་དང་། “ མི་སྣ་མཛེས་ཤོས”“ ཉེ་འགྲམ་གྱི་མི་བཟང” བཅས་འབོར་ཆེན་ཞིག་ཐོན་ནས་ས་མཐོར་དྲོ་སྐྱིད་སྦྱིན་པ་དང་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཀུན་སྤྱོད་སྔོན་ཐོན་མི་སྣའི་བླ་ན་མེད་པའི་སྙིང་སྟོབས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་མིག་དཔེ་བསྟན་པས་མི་གཞན་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། མི་གཞན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ། མི་གཞན་གྱི་སྣེ་ཁྲིད་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་ཡོད། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“དྲང་ནུས་བརྒྱུད་སྤྲོད་བྱས་ནས་ཉེ་འགྲམ་གྱི་མི་བཟང་ལ་བསྔགས་བརྗོད་བྱེད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་ཀུན་སྤྱོད་སྔོན་ཐོན་མི་སྣའི་མི་སེམས་འགུལ་བའི་བྱས་རྗེས་བཀོད་ནས་ཀུན་སྤྱོད་སྔོན་ཐོན་མི་སྣ་ཚོའི་ཉམས་འགྱུར་མངོན་པ་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།

    པད་ཆོས། མ་གྲོངས་གོང་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་གྲོལ་གླིང་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རེད། 2015ལོའི་“4·25” ས་ཡོམ་ཁྲོད། ས་ཡོམ་དྲག་པོ་བརྒྱབ་ནས་ཁང་པ་བརྡིབས་པའི་མདུན་དུ་ཁོང་གིས་ཉེན་ཁའི་གནས་སུ་གྱར་བའི་བཙུན་མ( ཟླ་བ་དང་བསམ་གཏན་ལྷ་མོ) གཉིས་ནུས་ཤུགས་གང་ཡོད་བཏོན་ནས་འབུད་དེ་བསྐྱབས། འོན་ཀྱང་རང་ཉིད་གྱང་རོའི་འོག་ཏུ་ཚུད་ནས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར། 47 ལ་སླེབས་པའི་ཁོང་གིས་ཚེ་སྲོག་ལ་བརྟེན་ནས་ང་ཚོར་གཅེས་སེམས་དང་ལེགས་སྐྱེས་ཀྱི་ནང་དོན་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱས་ཡོད།

    “རང་ཉིད་མིག་བཙུམས་ཀྱང་ཁོ་མོ་མཐོང་བའི་སྣང་བ་ཞིག་ཡོང་གི་འདུག ནག་ཅིང་རིང་བའི་སྐྲ་དང་། འཛུམ་མདངས་འཕྱུར་བའི་ངོ་གདོང་། དྲོ་སྐྱིད་ལྡན་པའི་མིག་ཟུང་བཅས་ལས་ཁོང་གིས་རང་ཉིད་ལ་སྐད་ཆ་ཤོད་གྱིན་ཡོད་པ་དང་གཉིས་སུ་མ་མཆིས། ཡིན་ནའང་རང་ཉིད་ཀྱིས་སྐད་ཆ་དེ་གསལ་པོར་ཐོས་ཀྱི་མི་འདུག” ཅེས་པད་ཆོས་མི་ཡུལ་ནས་བྲལ་མ་ཐག་པའི་སྐབས་དེའི་སྐོར་གླེང་སྐབས་བསམ་གཏན་ལྷ་མོ་རང་དབང་མེད་པར་སྐྱོ་སྣང་སྐྱེས། པར་ཆས་ཀྱི་མདུན་དུ་ཁོ་མོ་ཁ་ཕར་གཅུས་ནས་རྒྱུན་ཆད་མེད་པར་བབས་པའི་མིག་ཆུ་ཕུ་ཐུང་གིས་ཕྱིས།

    བསམ་གཏན་ལྷ་མོའི་ངུ་ཤུམ་ཁྲོད་དུ་ང་ཚོས་དུས་ཀྱི་མདའ་མོ་2015ལོའི་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་12གི་ཐོག་ཕྱིར་ལོག་བྱས། སྐབས་དེར་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དེས་རང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་དང་། ལྷག་པར་དུ་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། སྐབས་དེར་གླུ་གཞས་གཏོང་གིན་དུ་ཐབ་ཚང་ནང་གཙང་སྦྲ་བྱེད་བཞིན་ཡོད་པའི་པད་ཆོས་དང་། ཟླ་བ། བསམ་གཏན་ལྷ་མོ་བཅས་ཀྱི་རྐང་འོག་གི་ས་གཡོ་བ་དང་། རྣ་རྒྱབ་ཏུ་ཁང་པ་རྡིབ་པའི་སྒྲ་འུར་འུར་དུ་གྲགས་ནས་ཁོང་ཚོ་རིལ་གྲབས་རིལ་གྲབས་བྱས་པ་མ་ཟད། ས་གཞི་ཆེན་པོ་གཡོ་བའི་སྒྲ་ལྡིར་ལྡིར་དུ་གྲགས་པས་ཁོང་ཚོར་འཇིགས་སྣང་ཆེན་པོ་བཟོས། “ག་རེ་བྱས་སོང་ངམ”ཞེས་སེམས་འཚབ་ཁྲོད་བསམ་གཏན་ལྷ་མོས་ངུ་སྐད་ཆེན་པོ་བརྒྱབ། “ས་ཡོམ་བརྒྱབ་སོང་། ས་ཡོམ་བརྒྱབ་སོང་། མགྱོགས་པོ་ཕྱི་ལ་རྒྱུག་ཅིག”ཅེས་པད་ཆོས་ཀྱིས་ཐབ་ཚང་གི་ཐབ་སྟེགས་ལ་འཁྱུད་ནས་ཟླ་བ་དང་བསམ་གཏན་ལྷ་མོ་སྐད་བཏང་། ཡིན་ནའང་ཁོང་ཚོ་གསུམ་པོ་གོམ་པ་ཁ་ཤས་ཡང་སྤོ་ལོང་མ་བྱུང་བར་ཟླ་བ་མིག་མདུན་དུ་ཐོན་པའི་གནས་ཚུལ་དེར་སྐྲག་ཐག་ཆོད་ནས་རྐང་པ་གཉིས་བརྡར་ཏེ་ས་སྟེང་དུ་འགྱེལ་ནས་ངུ་བཞིན་མཆིས། སྒོ་འགྲམ་དུ་སླེབས་པའི་པད་ཆོས་སླར་ཡང་ནང་དུ་འཛུལ་ནས་ཟླ་བ་འགྱེལ་སར་ཡོང་སྟེ་ཟླ་བ་སྐྱོར་ནས་འཁྲིས་སུ་ཤེད་ཤུགས་ཉམས་པའི་བསམ་གཏན་ལྷ་མོའི་དཔུང་པ་ནས་བཟུང་སྟེ་གོམ་པ་རེ་རེ་བཞིན་སྤོས་ནས་ཕྱི་ལ་དོན་རྩིས་བྱས། ཁོང་ཚོ་གསུམ་པོ་ཐབ་ཚང་གི་སྒོ་འགྲམ་དུ་སླེབས་སྐབས་སྒོ་རྡོས་འགག་ནས་ཁོང་ཚོ་ཕྱིར་དོན་ཐབས་བྲལ། ཁོང་ཚོ་གསུམ་པོ་ཇི་ལྟར་བྱས་ནས་ཕྱིར་དོན་རྒྱུའི་ཐབས་ཤེས་གཏོང་བའི་སྐབས་སུ་ཁང་པའི་གདུང་མ་ཆག ས་ཡོམ་གྱི་འཇིགས་སྣང་ཁྲོད་ནས་ཐར་མེད་པའི་ཟླ་བ་དང་བསམ་གཏན་ལྷ་མོ་གཉིས་དེ་མ་ཉིད་དུ་སེམས་ཤུགས་ཉམས། སྐད་སྒྲ་ཆེན་པོ་ཞིག་བརྒྱབ་པ་དང་བསྟུན་ནས་པད་ཆོས་ཀྱིས་བསམ་གཏན་ལྷ་མོ་དང་ཟླ་བ་གཉིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁང་པའི་རྩིག་ཟུར་ཞིག་ཏུ་འབུད་རྒྱག་བཏང་། དེ་མ་ཉིད་དུ་ཁང་པ་རྡིབ་ནས་ཁོང་ཚོ་གསུམ་པོ་ཞིག་རོའི་འོག་ཏུ་ཚུད། རོགས་སྐྱོབ་ལས་དོན་སྤེལ་བས་ཟླ་བ་དང་བསམ་གཏན་ལྷ་མོ་གཉིས་སྲོག་ཉེན་ལས་བསྐྱབས། འོན་ཀྱང་པད་ཆོས་ནམ་ཡང་ནང་མི་དང་ཁ་བྲལ་བ་དང་། ཁོང་མ་གྲོངས་གོང་གི་ལས་ཀ་བྱེད་སའི་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་གྲོལ་གླིང་དགོན་པ་དང་ཁ་བྲལ་བ། ཁོང་ལ་དགའ་པོ་བྱེད་མཁན་ཚང་མ་དང་ཁོང་གི་གཏན་གྲོགས་དང་ཡང་ཁ་བྲལ་བ་སྟེ། དེའི་རྒྱུ་མཚན་ནི་ཁང་པའི་གདུང་མ་ཆག་རོ་དེ་ཁོང་གི་མགོ་ལ་ལྷུངས་པས་རེད།

    “ཁོང་གིས་གཅེན་གཅུང་དང་འདྲ་བར་ང་ལ་ལྟ་རྟོག་བྱེད་མི་སྲིད” པད་ཆོས་གྲོངས་པའི་གནས་ཚུལ་ཤེས་རྗེས་ལས་རོགས་ཚོ་གདོང་ལ་སྦར་མོ་བཀབ་ནས་ངུས། “ཁོང་ནི་བློ་མཐུན་ཡག་པོ་ཞིག་རེད། ངལ་བ་དང་འཁང་ར་གཉིས་བཟོད་དང་། གཟབ་གཟབ་ནན་ནན། ལྷག་པར་དུ་དགོན་སྡེར་བཅའ་སྡོད་བྱས་ཚུན། དགོན་སྡེའི་སློབ་གསོའི་ཞབས་ཞུ་དོ་དམ་ལས་དོན་ཧུར་ཐག་སྤེལ་ནས་བཙུན་མ་དང་དེ་བཞིན་ཁོང་ཚོའི་ཁྱིམ་ཚང་གི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་མི་རིགས་སྲིད་ཇུས་ལག་བསྟར་བྱས་ནས་དགོན་སྡེའི་ཞི་མཐུན་དང་བརྟན་ལྷིང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད”ཅེས་པད་ཆོས་ཀྱི་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་གདེང་འཇོག་དེ་ལྟར་བྱས། “ཁོང་གིས་དགོན་སྡེའི་བཙུན་མ་ཚོ་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་མོ་འཁྲུལ་མེད་ཅིག་ལ་བརྩི་གི་ཡོད་པས་ཁོང་ནི་ང་ཚོའི་གཉེན་ཉེ་རང་ཡིན”ཞེས་བསམ་གཏན་ལྷ་མོས་ངུ་བཞིན་དུ་བཤད།

    “བློ་མཐུན་པད་ཆོས་ཀྱིས་འཆི་གསོན་གྱི་འགག་རྩར་སེམས་ནང་མང་ཚོགས་བཅངས་བ་དང་། ཉེན་ཁར་མི་འཛེམ་པ། རང་དོར་གཞན་སྐྱོབ་བཅས་བྱས་ཏེ་ཚེ་སྲོག་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཤིག་བཏོད་ཡོད” ཟླ་7ཚེས་8ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་བློ་མཐུན་པད་ཆོས་ནི་གསར་བརྗེའི་སྔོན་གཤེགས་དཔའ་མོར་ངོས་འཛིན་པའི་ཆོག་མཆན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉