[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • གཞིས་རྩེས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འཆར་འགོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-10

    ཚེས་8ཉིན་གྱི་ཕྱི་དྲོ་གཞིས་རྩེས“4·25”ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་འཆར་འགོད་ལས་དོན་ཚོགས་འདུ་འཚོགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི“4·25”ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་འཆར་འགོད་ལས་ཀའི་ཇུས་གཞི》བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་རྫོང(ཆུས)གི་སླར་གསོ་བསྐྱར་སྐྲུན་གྱི་དུས་འགོའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཉན་པ། གྲོང་ཁྱེར་དེ་ཡོངས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་འཆར་འགོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་རྫོང(ཆུས)ཁག་གི་འབྲེལ་ཡོད་སྡེ་ཚན་ལ་སླར་གསོ་བསྐྱར་སྐྲུན་འཆར་འགོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆེད་ལས་ཚན་ཁག་འཛུགས་པ་དང་། འགན་འཁྲི་གསལ་བཟོ། དོན་འཁྱོལ་ཞིབ་ཚགས། ལས་ཆོད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་འཆར་འགོད་ལས་དོན་ལེགས་སྒྲུབ་བྱེད་དགོས་པ་དང་། གོང་འོག་མཉམ་འགུལ་བྱས་ཏེ་རྫོང(ཆུས)ཁག་གིས་གཞིས་རྩེ་གྲོང་ཁྱེར་གྱི་སླར་གསོ་བསྐྱར་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། ལས་རིགས་ཁག་གི་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་དེ་མཚུངས་ཀྱི་སྡེ་ཚན་དང་འབྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྤྱི་འདོམས་འཆར་འགོད་བྱས་ཏེ་དམངས་ཀྱི་སྡོད་ཁང་བསྐྱར་སྐྲུན་འཆར་འགོད་དང་། ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་འཆར་འགོད། སྤྱི་སྤྱོད་སྡོད་ཁང་སླར་གསོ་དང་བསྐྱར་སྐྲུན་འཆར་འགོད། ཐོན་ལས་ལེགས་སྒྲིག་དང་བསྐྱར་སྐྲུན་འཆར་འགོད། ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པའི་འཆར་འགོད། འགག་སྒོ་འཛུགས་སྐྲུན་ཀྱི་ཆེད་དོན་སྙན་ཞུ་སོགས་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་དོན་དངོས་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་གྱིས་ཞིབ་ཕྲའི་ལས་དོན་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་དོན་དངོས་དང་མཐུན་པ་དང་། ཚན་རིག་དང་མཐུན་པའི་འཆར་གཞི་འགོད་དགོས། སླར་གསོ་བསྐྱར་སྐྲུན་ལས་དོན་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པའི་ཁྲོད་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། ཐོན་ལས་རོགས་སྐྱོར། འགག་སྒོ་འཛུགས་སྐྲུན། “རྒྱུད་གཅིག་ལམ་གཅིག” རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལས་བྱེད་པ་དཔྱད་ཞིབ་དང་གོ་གནས་སྤོར་བ་སོགས་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།