[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།
  • “4·25”ཉིན་གྱི་ས་ཡོམ་གྱིས་བོད་ལྗོངས་དང་ནེ་པ་ལའི་ཉོ་ཚོང་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-01

    ཉེ་ཆར་གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “4·25”ཉིན་གྱི་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་ལྗོངས་དང་ནེ་པ་ལའི་ཕྱོགས་གཉིས་པོའི་ཉོ་ཚོང་རིན་ཐང་བསྡོམས་འབོར་ཆག་ཤུགས་མངོན་གསལ་དོད་དུ་ཕྱིན་ནས་དུས་མཚུངས་ལས་99.9%ཆག་པ་དང་། ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱིས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་དུས་མཚུངས་ལས་37.39%ཆག་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱིས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་24.18ཟིན་པ་དང་། དེའི་ནང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་0.29ཟིན་པ་དང་ཕྱིར་གཏོང་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་23.89ཟིན་ནས་47.12%དང་37.24%སོ་སོར་ཆག་ཡོད་པ་རེད། དེའི་ནང་ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱི་དངུལ་གྲངས་ཉུང་བའི་མཐའ་མཚམས་ཉོ་ཚོང་དང་སྤྱིར་བཏང་རང་བཞིན་གྱི་ཉོ་ཚོང་ཚང་མ་ཚད་གཞི་མི་འདྲ་བའི་ངང་ཆག་པ་དང་ཉོ་ཚོང་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་24.05དང་0.1ཡིན་པ་དང་། ཆག་ཚད་37.37%དང་40.25%སོ་སོར་ཡིན་པ། ནང་འདྲེན་དང་ཕྱིར་གཏོང་ཐད་ཕྱོགས་གཉིས་པོའི་ཆག་ཚད་བཅུ་ཆ་གསུམ་ཡན་ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག་ཟླ་5པའི་ནང་རང་ལྗོངས་དང་ནེ་པ་ལའི་དབར་གྱི་ཉོ་ཚོང་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་107.1ལས་མ་ཟིན་པ་དང་རྒྱུན་གཏན་སྐབས་ཀྱི་སྟོང་ཆ་གཅིག་ལས་ཟིན་གྱི་མེད་པ་རེད། དེའི་ནང་གྲངས་ཉུང་མཐའ་མཚམས་ཉོ་ཚོང་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་106.4དང་སྤྱིར་བཏང་རང་བཞིན་གྱི་ཉོ་ཚོང་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་0.7ལས་མ་ཟིན་པ་དང་། ཚང་མ་99.9%ཡན་ཉུང་དུ་ཕྱིན་ཡོད་པ་རེད།

    “4·25”ཉིན་གྱི་ས་ཡོམ་བརྒྱབ་རྗེས་ནེ་པ་ལ་དང་ཚོང་འགྲུལ་བྱེད་མཁན་རང་ལྗོངས་ཀྱི་འགྲམ་གྲོང་རྡལ་དང་སྐྱིད་གྲོང་འགག་སྒོ་ཆེ་གྲས་གཉིས་ཀྱི་ཉོ་ཚོང་མཚམས་འཇོག་གི་གནས་སུ་གྱར་ཡོད་པ་རེད། འགྲམ་འགག་སྒོའི་ཟླ་5པའི་ཕྱིར་གཏོང་ནང་འདྲེན་དངུལ་གྲངས་མི་དམངས་ཤོག་སྒོར་ཁྲི་106.4ལས་མ་ཟིན་པ་དང་99.9%ཆག་ཡོད་པ་རེད། ཟླ་5པར་ཕྱིར་གཏོང་ནང་འདྲེན་དངུལ་གྲངས་ཤུགས་ཆེན་ཆག་པའི་ཤུགས་རྐྱེན་ཕོག་པའི་དབང་གིས་ཟླ་དང་པོ་ནས་ལྔ་པའི་བར་འགྲམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཆག་ཚད་བཅུ་ཆ་བཞི་ཟིན་པ་དང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་23.1ཟིན་ནས་དུས་མཚུངས་ལས་40.18%ཟིན་ཡོད་དང་། དེའི་ནང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་0.3ཟིན་པ་དང་ཕྱིར་གཏོང་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་22.8ཟིན་ནས་ཁག་སོ་སོར་47.67%དང་40.07%ཆག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།