[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཡོམ་འགོག་གེགས་སེལ་ཁྲོད་ཀྱི་དཔའ་བོའི་མཛད་རྗེས།>གསར་འགྱུར།
  • བོད་ཀྱིས“4·25”ས་ཡོམ་གེགས་ཁུལ་མང་ཚོགས་ལ་ལས་ཞུགས་ལག་རྩལ་སྣ་ཚོགས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-10-16

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། “4·25”ས་ཡོམ་བརྒྱབ་རྗེས་གཞིས་རྩེ་གྲོང་ཁྱེར་གྱིས་གེགས་ཁུལ་མང་ཚོགས་ཀྱི་ལས་ཞུགས་ལས་དོན་ལ་ཚད་མཐོའི་སྣང་ཆེན་བྱེད་པ་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་རྩལ་ནུས་གསོ་སྦྱོང་དང་ལས་རིགས་ངོ་སྤྲོད་ཧུར་ཐག་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་དང་ལས་ཞུགས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། ཟླ་དགུ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་13གཉེར་ནས་གེགས་ཁུལ་མང་ཚོགས་2638སྒྲིག་འཛུགས་ཀྱིས་རླངས་འཁོར་གཏོང་བ་དང་། ལྡུག་འཁོར། རྐོ་འདྲུའི་འཕྲུལ་འཁོར། ལྕགས་རྩིབས་བཟོ་པ། ཨར་འདམ་བཟོ་པ་སོགས་གསོ་སྦྱོང་རྣམ་གྲངས་11གཉེར་བ་རེད།

    འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ནས་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། གེགས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་གསོ་སྦྱོང་སྒྲིག་གཞི་ཁག་གི་དགེ་རྒན་དང་སྒྲིག་ཆས་སྤྱད་ནས་བཀོད་སྒྲིག་བྱ་ཡུལ་གྱི་སྒོ་རྩར་གསོ་སྦྱོང་བྱེད་པར་བསྐྱོད་པ་དང་གེགས་ཁུལ་མང་ཚོགས་ལ་རླངས་འཁོར་གཏོང་བ་དང་། ལྕགས་རྩིབས་བཟོ་པ། ལྡུག་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་ལས་རིགས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་ཁྲོམ་རའི་དགོས་མཁོ་ལྟར་དུས་ཐོག་ཏུ་འབྲེལ་ཡོད་ལག་ཁྱེར་སྤྲད་དེ་གེགས་ཁུལ་མང་ཚོགས་ཚོ་གང་མགྱོགས་ལས་ཞུགས་ཐུབ་པར་ཆ་རྐྱེན་གཏོད་པ་རེད།

    དམངས་འཚོར་ཁེ་ཕན་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་ཡོངས་སུ་ཁྱབ་རྒྱུའི་བརྩོན་ལེན་བྱེད་པ། གེགས་ཁུལ་མང་ཚོགས་ཀྱི་གསོ་སྦྱོང་ཁྱབ་ཁོངས་དེ་ས་ཡོམ་གྱི་གནོད་འཚེ་ལས་ཤུགས་རྐྱེན་ཐེབས་པའི་གཞིས་རྩེ་གྲོང་ཁྱེར་ནུབ་རྒྱུད་ཀྱི་རྫོང་དགུ་ཚང་མར་ཁྱབ་ཡོད་པ་རེད། མིག་སྔའི་བར་ནུབ་རྒྱུད་ཀྱི་རྫོང་དགུའི་ཤང་དང་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་ནང་ཞུགས་མཁན་མི་2638ཡོད་ཅིང་། གོམ་སྟབས་རྗེས་མར་གནོད་འཚེ་ཕོག་པའི་མང་ཚོགས་1147ལ་རྩལ་ནུས་སྣ་ཚོགས་གསོ་སྦྱོང་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་བསམ་བློ་དང་འཚོ་བ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    སློབ་མ་རང་མོས་ངང་ཞུགས་རྒྱུ་མཐའ་འཁྱོངས་བྱས་ནས་གསོ་སྦྱོང་དེ་རྣམ་པ་ཙམ་མིན་པ་བྱེད་པ། གསོ་སྦྱོང་གི་ཆ་རྐྱེན་དང་མཐུན་པ་མ་ཟད། གསོ་སྦྱོང་ནང་ཞུགས་འདོད་ཡོད་པའི་སློབ་མར་གསོ་སྦྱོང་ལས་རིགས་རང་བདག་ངང་གདམ་ག་བྱེད་པ་དུ་འཇུག་པ་དང་གཏན་འཁེལ་བྱས་པའི་སློབ་དུས་ཀྱི་གསོ་སྦྱོང་ནང་ཞུགས་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད་པ་རེད།

    སྟེགས་བུ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུ་བརྩོན་ལེན་བྱེད་པ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང“4·25”ས་ཡོམ་གྱི་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་དུས་ཐེངས་གསུམ་འཚོགས་ནས་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་2157སྤྲད་པ་དང་། མི་ཐེངས་2086ལ་ལས་རིགས་མཛུབ་ཁྲིད་བྱས་པ། ལས་ཀ་འཚོལ་བར་ཡོང་མཁན་1897ཟིན་པ། མི་675ཡི་ལས་ཞུགས་བསམ་འདུན་རགས་ཙམ་བསྒྲུབས་པ། མི་572བརྟན་པོའི་ངང་ལས་ཞུགས་ཐུབ་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།