[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ།>དཔྱད་གླེང་།
  • ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོཌ་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལས་དོན་གཏིང་ཟབ་སྤེལ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལིའུ་ཆན་རུའུ།    |    སྤེལ་དུས།   2019-03-15

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་ལྗོངས་ཀྱིས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རིང་། འཚོལ་ཞིབ་ཁྲོད་སྒྱུར་བཅོས་དང་སྒྱུར་བཅོས་ཁྲོད་འཕེལ་རྒྱས་ཟམ་མི་ཆད་པར་བཏང་སྟེ་ཞིང་འབྲོག་ཁུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། འབྲུ་རིགས་དང་སྔོ་ཚལ་སོགས་ཞིང་ཞོར་བཟའ་བཅའ་མཁོ་འདོན་འདང་ངེས་བྱུང་ལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་མོད། འོན་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་ད་དུང་འཚམ་གྱི་མེད་ལ། རྒྱ་ཆེའི་འཛད་སྤྱོད་པའི་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བར་ཡང་བསྟུན་ཐུབ་ཀྱི་མེད་པས། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ངེས་པར་དུ་གཏིང་ཟབ་སྤེལ་དགོས།

    ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་དགོས་ཤིང་། ས་གནས་ཁག་གིས་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་དང་མཐུན་པར་བྱས་ནས། མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཞིང་ཟོག་ཐོན་རྫས་སྤུས་ལེགས་ཐད་ཀྱི་དགོས་མཁོ་སྐོང་དགོས་པ་མ་ཟད། ཞིང་འབྲོག་ལས་ཀྱི་ལྟ་སྐོར་སྤྲོ་གསེང་སོགས་ཀྱི་ཞབས་ཞུའི་དགོས་མཁོ་དང་སྣོད་བཅུད་ལེགས་པའི་ལྗང་མདོག་ཅན་གྱི་དགོས་མཁོ་ཡང་སྐོང་དགོས། སྤུས་ཚད་མཐོ་པོའི་སྒོ་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཡར་རྒྱས་མགྱོགས་པོ་དང་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

    ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ས་གནས་ཁག་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་འབྲོག་ལས་ཀྱི་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་དང་གཅིག་སྡུད་ཀྱི་དཔེ་སྟོན་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ཚུགས་ཤེས་བྱའི་བདག་དབང་ལྡན་པའི་གསར་གཏོད་ཀྱི་གྲུབ་འབྲས་ཁག་ཅིག་བརྩོན་ལེན་བྱེད་དགོས། རིམ་པ་མང་བའི་ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པར་རེས་མོས་གསོ་སྦྱོང་གི་ལས་དོན་སྤེལ་ནས་ལས་རིགས་ཞིང་འབྲོག་པའི་དཔུང་ཁག་ཅིག་རིམ་བཞིན་འཛུགས་དགོས།

    ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས་ཤིང་། ས་གནས་ཁག་གིས་ནོར་སྲིད་ལ་བརྟེན་ནས་ཞིང་སྐྱོར་འབྲོག་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ཁུལ་འདི་ཉིད་སྔོན་ལ་ནོར་སྲིད་ཀྱི་མ་དངུལ་གཏོང་ཡུལ་ཞིག་ཏུ་བརྩིས་ནས་ཞིང་འབྲོག་ཁུལ་ལ་གཏོང་ཆ་གཏོང་ཤུགས་རིམ་བཞིན་ཆེ་རུ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་འབྲོག་ལས་ཀྱི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ལས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ་ལྟ་སྡོམ་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།