[ English ] [ 中文 ]
0891-6325020
  • ​ཆུ་ཤུར་རྫོང་ཚ་རག་ཤང་ས་སྨད་གྲོང་ཚོའི་དབྱངས་ཅན་གྱི་ཕྱུག་འགྱུར་ལམ་བུའི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཟླ་བ་ཚེ་རིང་རྒན་གཞོན་དང་ཚེ་ཁོ།    |    སྤེལ་དུས།   2019-02-22

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས། འདི་ག་བོད་ཡིག་སྨྱན་སྦྱོར་གྱི་གསར་འགོད་པས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། བརྩེ་བ་ཟབ་མོ་མཚོན་པ་དང་གསོན་ཉམས་དོད་པའི་རྩོམ་ཡིག་དང་པར་རིས་ལས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་རྣམ་པ་གསར་པ་དང་། འཚོ་བ་གསར་པ། འགྱུར་ལྡོག་གསར་པ་གང་ལེགས་མངོན་པར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ལ་བཏོན་གནང་བའི“འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས”བཅས་ནུས་པ་བཞི་ཆེ་རུ་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་བྱ་སྤྱོད་ངོ་མའི་ཁྲོད་ལག་ལེན་ནན་ཏན་བསྟར་ཆེད། དེ་རིང་ནས་བཟུང་། “བོད་ཡིག་སྨྱན་སྦྱོར་གྱི་གསར་འགོད་པ་གཞི་རིམ་དུ་བསྐྱོད། ‘ནུས་བཞི’ལག་བསྟར”ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    འ་་་གངས་ངས་ས་མར་དམངས་གཙོའི་བཅོས་སྒྱུར་བྱས་ནས་་60འར་བ་་ག་ད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གོང་དུ་འཕེལ་ནས། གཞུང་ལམ་དང་། མཁའ་ལམ། ལྕགས་ལམ་སོགས་སྡོམ་དྲ་ལྟར་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་པ་ལས། མང་ཚོགས་ཀྱི་ན་ད་འ་བ་གོང་སྤེལ་དང་འགྲིམ་འགྲུལ་ལ་སྔར་མེད་ཀྱི་སྟབས་བདེ་བསྐྲུན་ཡོད། 

    འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2017ལོའི་ལོ་མཇུག་བར་རང་ལྗོངས་སུ་རླངས་འཁོར་ཤར་བགྲོད་ཐུབ་པའི་གྲོང་གསེབ་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་60421.271ཟིན་པ་དང་། 2018ལོ་ཁོ་ནར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་1645བཀོད་སྒྲིག་བྱས་པར་གསར་སྐྲུན་དང་རྒྱས་སྐྲུན་གྱི་གྲོང་གསེབ་ཀྱི་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་20261.46ཟིན་ཞིང་། གཙོ་གནད་དུ་ཤང་དང་གྲོང་རྡལ་13དང་སྒྲིག་གཞི་ཚང་བའི་གྲོང་ཚོ་1385ཡི་གཞུང་ལམ་མཁྲེགས་འགྱུར་གྱི་གནད་དོན་བསལ་བ་རེད། འགྲིམ་འགྲུམ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ལམ་རྒྱུད་ཀྱི་ཞིང་འབྲོག་པ་མང་པོའི་འ་བ་ཡར་་་ལྟར་ང་་འལ་ནས་་ན་རང་ད་་འ་བ་ད་ཚལ་ལ་ལ་དང་ལ་མུས་་མས། དངས་ཅན་ལ་ཧྥིང་ཟ་ཁང་་ན་བདག་དངས་ཅན་ཡང་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་ལས་ཕན་པ་བ་པ་མང་གས་དས་མ་་་མང་་ས་་ད་མན་ཙམ་ད།

    སྲིད་བཟང་ཉི་མ་ཤར་བྱུང་། །ལྗོན་ཤིང་ལོ་འདབ་རྒྱས་སོང་། །ལྗོན་པའི་སིལ་གྲིབ་འོག་ལ། །ཚོང་གི་སྒོ་མོ་ཕྱེ་ཡོད། ། 

    རྒྱལ་ལམ་318ཆུ་ཤུར་གཞུང་ལམ་བད་ང་བ་ཁ་་བ་དང་འལ་པ་ང་པ་དག་ལ་མན་ན། དབྱངས་ཅན་ལ་ཧྥིང་ར་ན་མ་ས་མཁན་ཧ་ལམ་ད། དབྱངས་ཅན་ནི་ནང་མི་བུ་ཕྲུག་མང་བའི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་ཚང་གི་བུ་མོ་ཡིན་ཞིང་། ཁྱིམ་གྱི་འཚོ་འཚིས་ཞན་ལ། ཕ་མ་གཉིས་ལ་ཕྲུ་གུ་བཅུ་ཡོད་པས་ལོ་བཅུ་བདུན་ཙམ་ནས་གཞན་གྱི་ཟ་ཁང་དུ་གླ་པར་མི་འགྲོ་ཀ་མེད་དུ་གྱུར། སྐབས་དེ་དུས་ཁོ་མོར་ཟླ་རེར་གླ་ཆ་སྒོར་150ལས་མེད་ལ། ཟ་ཁང་དུ་དཀར་ཡོལ་བཀྲུ་བ་དང་གཙང་སྦྲ་བྱེད་པ་སོགས་ལས་ཀ་ཙག་ཙིག་རྫོགས་རྒྱུ་མེད་པས་དཀའ་ཚེགས་ཆེ་ནའང་ཁོ་མོས་དཀའ་སྡུག་གི་གྲང་ངར་གདོང་གིས་བསུ་བཞིན་དུ་འཁྱུག་ཙམ་ལ་ལོ་གསུམ་འདས། ཁོ་མོས་ཆུ་ཤུར་རྫོང་གི་ལམ་རྒྱུད་ཀྱི་ཇ་ཁང་དང་ཚོང་ཁང་ལ་ཚོང་ཡག་པོ་ཡོད་པ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། འགྲུལ་པ་མང་པོ་ཞིག་ལམ་བར་གྱི་ངལ་དུབ་དང་རླངས་འཁོར་ནང་མགོ་ཡུར་འཁོར་བའམ་སྐྱུག་མེར་ལངས་བ་སངས་ཆེད་ཁ་ཚ་བཟའ་འདོད་ཆེན་པོ་བྱེད་ལ། རང་ཉིད་རླངས་འཁོར་ལ་སྡོད་དུས་ཀྱང་ཁ་ཚ་ལ་བྲོ་བ་ཞིམ་པའི་ལ་ཧྥིང་བཟས་ན་རེ་ཞིག་ཉོབ་མདངས་སེལ་བའམ་སྐྱུག་མེར་འཇག་པའི་སྣང་བ་ཡོང་གི་ཡོད་པས། དུས་དེ་ཙམ་ནས་ཁོ་མོའི་མི་ཚེའི་ཞིང་ས་གཤིན་པོར་ལ་ཧྥིང་ཟ་ཁང་ཞིག་འཛུགས་འདོད་ཀྱི་ཕུགས་བསམ་གྱི་མྱུ་གུ་འབུས་འགོ་ཚུགས། སེམས་བསམ་པས་བར་སྣང་ལ་རྟ་རྒྱུག་ཀྱང་། རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས་པའི་དཔེ་ལྟར་སེམས་ལ་བསམ་ཚད་འཕྲལ་མ་ཉིད་དུ་དོན་ལ་སྨིན་ཐབས་བྲལ་ཏེ། ཁོ་མོ་ནི་ཞིང་པ་དཀྱུས་མ་ཞིག་གི་བུ་མོ་ཡིན་པས། ཡོད་ཚད་ལག་པ་སྟོང་པ་ནས་འགོ་མི་འཛུགས་ཀ་མེད་རེད། ཡིན་ནའང་ཁོ་མོས་རང་གི་ཕུགས་བསམ་དེ་ཉིན་ཞིག་མངོན་འགྱུར་ཡོང་བར་ཡིད་ཆེས་ཆེན་པོ་བྱེད། དབྱར་ཁ་ལམ་རྒྱུད་ཀྱི་ཁ་ལོ་བ་དང་འགྲུལ་པ་ཚ་བས་ཁ་ཡང་སེ་སྐོམ་པ་དང་རླངས་འཁོར་གྱི་ཁ་ལོ་བས་གནས་ངེས་མེད་དུ་འཁོར་ལོར་ཆུ་གཏོར་ནས་འཁོར་སྒོག་གི་དྲོད་ཚད་གཅོག་ཐབས་བྱེད་པ་མཐོང་དུས། དབྱངས་ཅན་ལ་མ་རྩ་དེ་ཙམ་མང་པོ་གཏོང་མི་དགོས་པའི་ཡོང་འབབ་གསོག་ཐབས་བཟང་པོ་ཞིག་རྙེད་པ་དང་། ཁོ་མོས་ཕུགས་བསམ་མངོན་འགྱུར་གྱི་གོམ་པ་དང་པོ་སྤོས། 

    ཁོ་མོས་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་500བཏང་ནས་ལྕང་མའི་སིལ་གྲིབ་འོག་ལ་འཐུང་བྱ་གྲང་མོ་འཚོང་སའི་སྟབས་བདེའི་ཁྲོམ་བཀྱག་གཅིག་དང་། འགྲུལ་པ་ངལ་གསོ་སའི་རྐུབ་སྟེཌ་གཉིས། འཁོར་ལོར་ཆུ་རྒྱག་པའི་དུང་ཕན་གཉིས་གྲ་སྒྲིག་བྱས་ཏེ་ལམ་ཟུར་དུ་འཐུང་བྱ་གྲང་མོ་དང་ཟས་རིགས་ཙག་ཙིག་གི་ཚོང་ལ་ཞུགས། ཁ་ལོ་བ་ཚོས་ཁོ་མོའི་ཁྲོམ་བཀྱག་གི་གམ་དུ་དུང་ཕན་ཡོད་པ་མཐོང་རྗེས། རླངས་འཁོར་དེ་གར་བཀག་ནས་འཁོར་ལོར་ཆུ་རྒྱག་པ་དང་། འགྲུལ་པ་ཚོས་ངལ་གསོའི་ཞོར་ལ་ལྟོགས་སུས་ཀྱི་ཚུལ་དུ་འཐུང་བྱ་དང་ཟས་རིགས་ཙག་ཙིག་ཉོ་གི་ཡོད་པ་རེད། དབྱར་གྱི་ཚ་གདུག་དང་དགུན་གྱི་གྲང་ངར་ལ་མ་ལྟོས་པར་ལོ་གསུམ་དེ་ལྟར་དཀའ་སྤྱད་ཀྱི་རྔུལ་ཆུ་ས་ལ་གཏོར་བའི་འབྲས་བུར་ཟ་ཁང་འཛུགས་པའི་མ་དངུལ་འདང་ཙམ་བྱུང་བ་ན། ཆུ་ཤུར་རྫོང་ཚ་རག་ཤང་ས་སྨད་གྲོང་ཚོའི་ལམ་ཟུར་དུ་ལ་ཧྥིང་ཟ་ཁང་བཙུགས་པ་དང་། ཟས་རིགས་གཙོ་བོ་ཁ་ཚ་ལ་བྲོ་བ་ཞིམ་པའི་ལ་ཧྥིང་དང་། ཟ་ཁང་གི་སྦྱིན་བདག་འཚོ་བའི་དཀའ་སྡུག་མང་པོ་མྱངས་མྱོང་བའི་ཁོ་མོ་རང་ཉིད་ཡིན་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་དབྱངས་ཅན་ལ་ཧྥིང་ཞེས་བཏགས་ནས་ཚོང་གི་སྒོ་མོ་ཕྱེ།

    འཕྱོངས་རྒྱས་འཕྱོངས་རྒྱས་མ་ཟེར། ། ཟླ་བ་སྒྲོལ་མ་དྲན་བྱུང་། །ས་སྨད་ས་སྨད་མ་ཟེར། །དབྱངས་ཅན་ལ་ཧྥིང་དྲན་བྱུང་། །

    མ་གཞི་དབྱངས་ཅན་ཆེད་ལས་ཀྱི་མ་བྱན་སྦྱོང་བརྡར་ལ་འགྲོ་མྱོང་མེད་ལ། ཆེད་མངགས་གཞན་གྱི་སར་ལ་ཧྥིང་བཟོ་སྟངས་སྦྱོང་བར་འགྲོ་མྱོང་མེད། ཡིན་ནའང་། ཁོ་མོས་དེ་སྔ་གཞན་གྱི་ཟ་ཁང་དུ་གླ་པ་བྱེད་སྐབས་ལ་ཧྥིང་དང་། བོད་ཐུག ཤ་འབྲས་སོགས་བཟོ་སྟངས་ལ་དོ་སྣང་ཆེན་པོ་བྱེད་མྱོང་བ་རྨང་གཞིར་བྱས་ཏེ་ཟ་ཁང་གི་ཁ་ལག་ཚང་མ་ཁོ་མོས་ཚོད་ལྟ་དང་སྦྱོང་བརྡར་གྱི་ཚུལ་དུ་བཟོ་གི་ཡོད། དེ་ལྟར་ནའང་ཁོ་མོས་བཟོས་པའི་ལ་ཧྥིང་ལ་བྲོ་བ་དམིགས་བསལ་ཞིག་ལྡན་པས་ན། ངལ་དུབ་དང་སྐྱུག་མེར་གྱིས་མནར་བའི་ལམ་རྒྱུད་ཀྱི་ཁ་ལོ་བ་དང་འགྲུལ་པ་མང་པོའི་ཟས་ཀྱི་དང་ཁ་ཕྱེ་ནས་ཚང་མས་དགའ་པོ་བྱེད་ལ། གཅིག་གི་བཅུ་དང་བཅུས་བརྒྱ་ལ་བཤད་ནས་དབྱངས་ཅན་ལ་ཧྥིང་ཟ་ཁང་གི་མིང་གྲགས་ཇེ་ཆེར་ཕྱིན།

    ང་ཚོ་བཅར་འདྲི་ཚོགས་ཆུང་ཡང་དེ་སྔ་དེ་གར་བསྐྱོད་མྱོང་བའི་ངོ་ཤེས་པ་ཞིག་གི་འོས་སྦྱོར་འོག་ཆེད་དུ་དབྱངས་ཅན་ལ་ཧྥིང་ཟ་ཁང་གི་ལ་ཧྥིང་གི་བྲོ་བ་མྱོང་བར་ཕྱིན་པ་ཡིན། ང་ཚོ་དེ་གར་སླེབས་སྐབས། ཟ་ཁང་མདུན་གྱི་ཁོད་སྙོམས་པའི་ཐང་སྡེར་དུ་རླངས་འཁོར་མང་པོ་བཞག་འདུག་པ་དང་། ཟ་ཁང་གི་སྒོ་ནས་ནང་སའི་ཡུལ་སྐོར་བ་འགའ་ཁ་འཕྱིད་ཀྱིན་དགོད་སྒྲ་དང་བཅས་དོན་ཡོང་གི་འདུག ང་ཚོས་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཚུའེ་ལགས་ལ་ཀུ་རེ་དང་བཅས་ལ་ཧྥིང་ཞིམ་པོ་ཨེ་འདུག་ཅེས་དྲིས་པར། ཁོང་གིས་ལ་ཧྥིང་གི་བྲོ་བ་ཧ་ཅང་ཞིམ་པོ་འདུག ལམ་བར་གྱི་ཉོབ་སྣང་རྦད་དེ་སངས་སོང་ཞེས་བཤད་བྱུང་། ཟ་ཁང་རྒྱ་ཆེ་ཞིང་དཀའ་ཆ་དོད་པ་དང་། སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་ཁ་བབས་ཙམ་རེད་འདུག་པས་དེ་གར་སྤོས་ནས་ཡུན་རིང་མ་ཕྱིན་པ་ཤེས་ཐུབ། ང་ཚོ་དེ་གར་སླེབས་སྐབས་ཏག་ཏག་ཉིན་གུང་ལ་འཁེལ་བས་དགུང་ཟས་ཟ་མཁན་ཤིན་ཏུ་མང་བས། བཅར་འདྲི་བྱེད་མ་ཕོད་པར་སྔོན་ལ་ལ་ཧྥིང་ཕོར་པ་བཞི་མངགས་ནས་དུས་ཚོད་འགྱངས་ཙམ་བྱས། ཡིན་ནའང་དུས་ཚོད་གང་འཚམ་སོང་རུང་དེ་གར་ཡོང་མཁན་བར་མེད་འདུག་པས། མཐར་ཐེ་ཚོམ་གྱི་བློ་རིང་དུ་དོར་ནས་ཁོང་ལ་ང་ཚོའི་འདོད་ཚུལ་བཤད་པས་ཁོང་གིས་སེམས་རྩ་འཁོལ་པོས་ང་ཚོའི་བཅར་འདྲི་དང་ལེན་གནང་བྱུང་།

    དབྱངས་ཅན་ལ་ཧྥིང་ཟ་ཁང་གི་སྦྱིན་བདག་དབྱངས་ཅན་གྱིས་སྔོན་མའི་ཟ་ཁང་ལ་རླངས་འཁོར་འཇོག་ས་དེ་ཙམ་ཡག་པོ་མེད་པས། ཁ་ལོ་བ་མི་ཉུང་བ་ཞིག་སྐབས་རེ་རླངས་འཁོར་འཇོག་ས་མ་རག་པར་རླངས་འཁོར་ཁ་བཀག་ཙམ་བྱས་ཏེ་འགྲོ་གི་འདུག་ལ། ཞལ་ལག་མཆོད་པར་ཕེབས་པའི་ཁ་ལོ་བ་མང་པོ་ཞིག་གིས་ཀྱང་རླངས་འཁོར་འཇོག་ས་ཆེ་ཙམ་བྱུང་ན་ང་ཚོ་རླངས་འཁོར་འཇོག་བདེ་ལ་རང་གི་ཚོང་ཡང་ལེགས་པོ་ཡོང་ངེས་ཡིན་པའི་ཤ་ཚའི་གཏམ་ཐེངས་མང་བཤད་བྱུང་། ངས་ཀྱང་དོན་དེར་བསམ་བློ་ཞིབ་ཚགས་བཏང་རྗེས་ན་ནིང་ཟླ་བ་ལྔ་པར་ཟ་ཁང་འདི་གར་སྤོས་ནས་སྔོན་མ་ལས་ཆེ་རུ་བཏང་བ་ཡིན་ལ། ཆེད་མངགས་རླངས་འཁོར་འཇོག་སའང་བཟོས་པ་ཡིན། ད་ཆ་དེ་སྔའི་ཁ་ལོ་བ་དང་འགྲུལ་པ་མང་པོ་ཞིག་གིས་ང་འདི་གར་སྤོས་པ་ཤེས་རྗེས་སྔར་རྒྱུན་བཞིན་འདིར་ཡོང་བས་ན་ངའི་ཚོང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་གི་འདུག ད་ཆ་ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཉིས་ཙམ་འདུག་པས། ཞིང་ལས་ལ་ཤི་འཐམ་རོ་འཐམ་བྱེད་པའི་དགོས་པ་ཆུང་བས་ཞོར་ལས་ལ་བརྩི་གི་ཡོད། འདི་དག་ཚང་མ་གངས་ལྗོངས་ས་གཞིར་དམངས་གཙོའི་བཅོས་སྒྱུར་གྱི་མཐོ་རླབས་འཕྱུར་བའི་དྲིན་ལས་བྱུང་བ་རེད། གང་ལྟར་རྟ་ཕོར་རྒྱུགས་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་བའི་དཔེ་ལྟར། སོ་སོས་འཇོན་ན་ལས་ཀ་གང་བྱས་ཀྱང་ཆོག་ཅེས་ངོ་སྤྲོད་བྱས་བྱུང་།

    རྒྱ་ལམ་ཡངས་ཤིང་སྙོམ་པ། །ཁམ་བུ་ཉུང་མ་ཞིམ་པ། །ང་རང་ས་སྨད་གཞུང་གི ། མག་པ་ཡིན་ན་བསམས་བྱུང་། །

    ང་ཚོས་ཁོང་གི་ངོ་སྤྲོད་ལ་ཉན་ནས་མོས་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་ཁོང་ལ་ཕྱིས་འབྱུང་གི་བྱ་བར་འཆར་གཞི་གང་ཡོད་སྐད་ཆ་འདྲི་སྐབས། དབྱངས་ཅན་གྱི་གྲུང་ཤ་དོད་པའི་མིག་ཟུང་ལས་རེ་བའི་འོད་སྣང་འཕྲོ་བཞིན་དུ། ད་ཆ་ང་ཚོ་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་གཏོང་བར་དངུལ་སྐར་ལི་གཅིག་ཀྱང་སྤྲོད་མི་དགོས་ལ། ད་དུང་འགན་ལེན་གསུམ་གྱི་སྲིད་བཟང་གིས་ཕྲུ་གུའི་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་གང་ཡང་མེད་པས། ཕྲུ་གུ་གཉིས་པོ་སློབ་གྲྭར་མཐར་ཕྱིན་པ་གཏོང་རྩིས་ཡོད། ད་ཆ་ཤེས་བྱ་ཡོན་ཏན་ཡོད་ན་བྱ་བ་གང་བྱས་ཀྱང་ལས་སླ་པོ་རེད། ང་རང་སློབ་གྲྭར་འགྲོ་མྱོང་མེད་པས་ཚོང་ལས་ལ་ཞུགས་སྐབས་དཀའ་རྙོག་མང་པོ་འཕྲད་ཀྱི་འདུག་པས། ང་རང་ལ་བྱུང་བའི་ཕམ་ཁ་ཕྲུ་གུར་སླར་ཡང་མྱོང་དུ་འཇུག་འདོད་མི་འདུག་ཅེས་བཤད་བྱུང་།

    ང་ཚོ་བཅར་འདྲི་ཚར་ནས་ཟ་ཁང་ནས་དོན་ཡོང་སྐབས། ཟ་ཁང་འཁྲིས་ཀྱི་ཙག་ཙིག་ཚོང་ཁང་གི་མདུན་དུ་གྲལ་སྟར་སྒྲིག་པའི་ཁྲོམ་བཀྱག་གི་སྟེང་དུ་ཁམ་བུ་དང་ཉུང་མ་སྐམ་པོ་སྒྲིག་ཡོད་པ་མཐོང་ནས། ཡ་མཚན་དང་བཅས་སྐད་ཆ་འདྲི་སྐབས། ང་ཚོའི་གྲོང་ཚོར་ཁམ་སྡོང་མང་པོ་ཡོད་པ་རྒྱུ་མཚན་དུ་བྱས་ནས་དེང་གི་ནང་སའི་ཡུལ་སྐོར་བ་ཚོས“ཁམ་གླིང་གྲོང་ཚོ”ཞེས་མིང་སྙན་པོ་ཞིག་བཏགས་འདུག ལོ་ལྟར་དཔྱིད་དུས་སུ་ཆེད་མངགས་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་བགྲང་གིས་མི་ལང་བ་དང་། དབྱངས་ཅན་ལ་ཧྥིང་ཟ་ཁང་དུ་ཡོང་མཁན་རྒྱ་ལམ་འགྲུལ་པ་མང་པོ་ཡོད་ཙང་། ང་ཚོའི་ཡུལ་ཟོག་བྲིན་ཁ་རྒྱུག་པོ་འདུག་ཅེས་དེ་གར་ཡུལ་ཟོག་འཚོང་མཁན་གྱི་ཨ་ཅག་སྒྲོལ་མས་ངོ་གདོང་ནས་འཛུམ་པའི་རླབས་ཕྲེང་གཡོ་བཞིན་དུ་ངོ་སྤྲོད་བྱས་བྱུང་། 

    གང་ལྟར་ནའང་གཞུང་ལམ་འགྲམ་གྱི་ཨ་ཁུ་ཞིང་པ་དཀྱུས་མ་དག་གི་མི་སྨོན་རང་སྐྱིད་ཀྱི་བདེ་སྐྱིད་འཚོ་བའི་འཛུམ་ཞལ་མཐོང་སྐབས་ནང་སའི་ཡུལ་སྐོར་བ་ཕོ་གཞོན་མོ་གཞོན་དག་ཀྱང་ཡིད་སྨོན་ཆེན་པོ་བྱེད་ཀྱི་འདུག ང་ཚོ་དབྱངས་ཅན་ལ་ཧྥིང་ཟ་ཁང་གི་གཞུང་ལམ་འགྲམ་དུ་ནང་སའི་ཡུལ་སྐོར་བ་འགའ་དང་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས། ཁྲུང་ཆིང་ནས་ཡིན་པའི་གཞོན་ནུ་མ་ཡའོ་ཆོན་གྱིས་ང་ཚོ་ས་སྨད་གྲོང་ཚོའི་གྲོང་མི་ཡིན་པར་སྙམ་ནས་ཀུ་རེ་དང་བཅས་མནའ་མར་སློང་མཁན་ཡོད་ན་སྡོད་རྐྱང་ཡིན་ཞེས་བཤད་བྱུང་།

    ང་ཚོ་བཅར་འདྲི་ཚོགས་ཆུང་གི་རླངས་འཁོར་ཡངས་ཤིང་ཁོད་སྙོམ་པའི་སྣུམ་ནག་གཞུང་ལམ་དུ་བྱ་འཕུར་བ་ལྟར་མདུན་དུ་སྐྱོད་པ་དང་། གཞུང་ལམ་འགྲམ་གྱི་རྒྱ་ལྕང་དང་སྦྱར་པ་དག་གཅིག་ལ་གཅིག་འགྲན་དུ་ཁད་ཀྱིས་རྒྱབ་ཕྱོགས་སུ་རྒྱུགས་འགྲོ ལམ་རྒྱུད་ཀྱི་ཟ་ཁང་དང་ཚོང་ཁང་དག་གི་སྒོ་འགྲམ་གང་སར་འགྲུལ་བཞུད་པའི་རླངས་འཁོར་བཞག་ཡོད་པ་ལ་བལྟས་ན། དབུལ་པོའི་གནས་ལས་གྲོལ་འདོད་ན། སྔོན་ལ་གཞུང་ལམ་ལེགས་པར་བསྐྲུན་ཟེར་བའི་གཏམ་དེ་ནི་ལེགས་བཤད་ཉིད་དུ་འཁུམས་སོ།

    594465_yis_1550482549303.jpg

    འདི་ནི་དབྱངས་ཅན་ལ་ཧྥིང་ཟ་ཁང་གི་སྦྱིན་བདག་དབྱངས་ཅན་གྱིས་སེམས་རྩ་འཁོལ་པོས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    594463_yis_1550482547493.jpg

    འདི་ནི་རྒྱལ་ལམ་318ཆུ་ཤུར་ལམ་ཟུར་དུ་ཆཌ་པའི་སྐད་གྲགས་ཆེ་བའི་དབྱངས་ཅན་ལ་ཧྥིང་ཟ་ཁང་གསར་པ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།