[ English ] [ 中文 ]
0891-6325020
  • ཏིང་དབང་རྒྱལ།

    དེང་གི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-17

    ལོ་300ལྷག་ཙམ་གྱི་སྔོན་དུ་མོན་པ་བ་ཚོ་མོན་ཡུལ་ནས་མེ་ཏོག་ཏུ་སྤོས་པ་དང་ཐོག་མར་སྤོ་མཁན་ཚོ་དེར་སླེབས་ནས་མི་རབས12ཕྱིན་པ་དང་སྤོ་ཕྱི་ཤོས་ཀྱང་མི་རབས་8ཕྱིན་ཡོད་པ་རེད།

    མོན་པ་བ་ཏིང་དབང་རྒྱལ་གྱིས་རང་ཉིད་ད་ཆ་གྲོང་ཚོའི་ལོ་ཆེ་ཤོས་ཀྱི་རྒན་རྒོན་ཞིག་ཡིན་པ་ཤེས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཁོང་གི་གཟུགས་པོ་དེ་སྔ་དང་མི་འདྲ་བར་སྐད་ཆ་ཡང་ཤོད་ཉུང་དུ་ཕྱིན་ཡོད། འོན་ཀྱང་རང་གིས་མཐོང་མ་འདོད་པའི་ལས་ཀ་ཁག་གཅིག་ལ་བསམ་འཆར་རེ་གཉིས་འདོན་གྱི་ཡོད། ཤོད་མང་ཤོས་ནི་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་དགོས་ཞེས་པའི་སྐད་ཆ་དེ་རེད།

    “བོད་རྙིང་པར་གང་བྱུང་གསར་སྦོལ་བྱས་པ་དང་རི་སྟེང་གི་ཤིང་ནགས་གང་བྱུང་དུ་བསྲེགས་ནའང་མཐའ་མ་འབྲུ་རིགས་བསྡུ་རྒྱུ་ཉུང་བའི་ཁར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་རྟག་ཏུ་ཐོན་ནས་ཚང་མའི་ལོ་གཅིག་རིང་གི་དཀའ་ལས་ཆུད་ཟོས་སུ་འགྲོ་གི་ཡོད”ཅེས་དེ་དག་སྐོར་གླེང་སྐབས་ཏིང་དབང་རྒྱལ་གྱིས“བཅིངས་འགྲོལ་དམག་མི་སླེབས་པ་ནས་བཟུང་། ང་ཚོ་མོན་པ་བར་ཚན་རིག་དང་མཐུན་པའི་ས་ཞིང་འདེབས་སྟངས་དང་གསར་སྦོལ་ཉུང་ཙམ་དང་འདེབས་འཛུགས་ལག་རྩལ་བསླབས་པས་ལོ་བཅུ་ཕྲག་ཁ་ཤས་ནང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཉུང་ཁར་ལོ་ལྟར་ལོ་ལེགས་ཀྱང་ཡག་པོ་ཡོང་གི་འདུག ད་ཆ་མོན་པ་བའི་འཚོ་བ་ཡག་པོ་ཡོད་པ་དང་། སྲིད་གཞུང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་ལས་ད་དུང་འདོད་བློ་མི་ཁེངས་པ་གང་ཡོད”ཅེས་མྱོང་ཚོར་ཆེན་པོས་བཤད།

    ཁོང་གིས་གཞོན་ནུ་ཚོར“རི་སྟེང་གི་རྡོས་རྡོ་ཁོག་བཟོས་ནས་ཡོང་འབབ་མི་དམན་པ་ཞིག་ཡོང་གི་ཡོད། འོན་ཀྱང་སྔོག་འདོན་ཚོད་མེད་བྱས་ཚེ་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སྲིད་མིན་དང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་མིན་ཁྱེད་ཚོས་བསམ་བློ་གཏོང་མྱོང་ངམ། འདི་ག་ནི་ང་ཚོའི་མེས་པོས་དཀའ་ངལ་ཁྱད་བསད་ཀྱིས་བཏོད་པའི་གནས་ཤིག་ཡིན་པ་ཁྱེད་ཚོས་མ་བརྗེད་པ་བྱེད་རོགས། ཡོང་འབབ་ཕྲན་ཙམ་གྱི་ཆེད་དེ་དག་རྨེག་མེད་དུ་མ་གཏོང་རོགས”ཞེས་རྟག་ཏུ་སློབ་གསོ་རྒྱག་གི་ཡོད།

    ཡིན་ན་ཡང་མི་ཁ་ཤས་ཤིག་གིས་ཏིང་དབང་རྒྱལ་གྱིས་དོན་མེད་དུ་སེམས་ཁྲལ་བྱེད་ཀྱི་འདུག་ཅེས་བཤད།

    དཀའ་སྡུག་གི་འཚོ་བ་བརྒྱུད་མྱོང་བས། ཏིང་དབང་རྒྱལ་གྱིས་ད་ཆའི་འཚོ་བ་འདི་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཁར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ཡང་ཤེས་པས། མི་གཞན་གྱིས་ཅི་ལྟར་ལབ་ཀྱང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པར་བརྟེན་ནས་ནང་མི་ཚོར་བསླབ་བྱ་དང་ཆབས་ཅིག་རང་ཉིད་ལ་སྐུལ་ལྕག་གཏོང་གི་ཡོད།

    556833_yis_1539149199868.jpg

    འདི་ནི་ཏིང་དབང་རྒྱལ(དཀྱིལ)དང་ཁོང་གི་ནང་མིའི་མཉམ་འཛོམས་ཀྱི་འདྲ་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།