[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ།>དཔལ་འབྱོར།
  • ཤར་རླུང་ལྡང་ནས་གང་སར་སྔོ་ལྗང་རྒྱས། གྲུ་གཡོར་བཀལ་ཏེ་སླར་ཡང་རྒྱང་སྐྱོད་བྱས།

    — སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-20

    ལོ་40ཡི་རིང་། གནའ་བོའི་ཡར་ཀླུང་གཙང་པོ་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ནས་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཕྱོགས་སུ་སྐྱོད་པ་དང་སྦྲགས། གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད། ད་ཆ་ལྷོ་ཁར་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲུ་གཡོར་བཀལ་ཏེ་སླར་ཡང་རྒྱང་སྐྱོད་ཀྱི་འཕེལ་རྒྱས་རྣམ་པ་མངོན་བཞིན་ཡོད།

    ལྷོ་ཁའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ང་ཚོས་བསྡུར་གཞི་ཡོད་པའི་གྲངས་གཞི་ལས་གསལ་བཤད་བྱེད།

    2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་145.8ཟིན་པ་དེ་1978ལོའི་ལྡབ་79ཡིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་261.7བཏང་བ་དེ་1978ལོའི་ལྡབ་1908ཡིན་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་16.67ཟིན་པ་དེ་1978ལོའི་ལྡབ་938ཡིན་པ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་50.7ཟིན་པ་དེ་1978ལོའི་ལྡབ་255ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28535ཟིན་པ་དེ་1978ལོའི་ལྡབ་50ཡིན་པ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11265ཟིན་པ་དེ་1978ལོའི་ལྡབ་78ཡིན་པ་སོགས་ལོ་40ཡི་རིང་མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཡོད།

    593576_yis_1550209487936.jpg

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་འཕེལ་རྒྱས་ལ་བྱ་འཕུར་བ་ལྟ་བུའི་རྣམ་པ་ཐོན་ནས་ས་མཐོའི་དྲོད་ཁང་གི་སྣོད་བཅུད་ཤིས་ཀྭ་ལ་ལོ་ལེགས་བྱུང་སྟེ་ཞིང་པར་དགའ་སྤྲོ་དཔག་ཏུ་མེད་པ་བྱུང་བ།

    593577_yis_1550209489371.jpg

    ཐོན་ལས་རྒྱ་སྟོབས་ཆེ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཐོན་པ་དང་། 2018ལོའི་ཟླ་3པར་ཧྭ་ཤིན་ཨར་འདམ་གྱིས་ཕྱོགས་མང་པོའི་ཐད་ནས་ཐོན་སྐྱེད་བྱེད་འགོ་བརྩམས་པར་བརྟེན་བོད་ཀྱི་ཨར་འདམ་ཐོན་ནུས་སླར་ཡང་སྐས་རིམ་གསར་པར་སླེབས་པ་མཚོན།

    593573_yis_1550209483365.jpg

    བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་འཁྲིད་པ་ཡིན་ཞིང་། འཕྱོངས་རྒྱས་རྫོང་བདེ་ཆེན་གྲོང་ཚོའི་ལས་བྱེད་མང་ཚོགས་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་སྦྱོང་གི་མྱོང་ཚོར་གླེང་བཞིན་པ།

    593572_yis_1550209481665.jpg

    ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་བདམས་ཐོན་པ་ཀུང་ཧྲེ་ཡིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་གཏམ་བཤད་འགྲན་བསྡུར་ཁྲོད《སྒྱུར་བཅོས་དང་ལྷན་དུ་དུས་རབས་ལ་བསྟོད་གླུ་འབུལ》ཞེས་པ་གཏམ་བཤད་བྱེད་བཞིན་པ།

    593575_yis_1550209486267.jpg

    དམངས་ཡོངས་ཀྱི་འབད་བརྩོན་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ནས་ལྗང་མདོག་འདི་ཉིད་ལྷོ་ཁ་མཛེས་པར་བྱེད་པའི་ཁ་མདོག་གཙོ་བོར་གྱུར་བ།

    593574_yis_1550209484738.jpg

    རྩེད་ཐང་གི་ཡར་ཀླུང་གཙང་པོའི་ཟམ་ཆེན་དང་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་མཉམ་འདྲེས་ཀྱི་མཛེས་ལྗོངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།