[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ།>དཔལ་འབྱོར།
  • སྔ་དེང་བསྡུར་བའི་རྣམ་པའི་ཐོག་ནས་རང་ཁྱིམ་ལ་ལྟ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-19

    ཁྱིམ་ཚང་གི་བརྩེ་སེམས་ཟབ་པའི་ཀྲུང་གོ་བར་མཚོན་ན། རང་ཉིད་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ལ་མིག་མཐོང་ལག་འཛིན་གྱི་མྱོང་ཚོར་དང་། བབ་ཆགས་ཤོས་ཀྱི་སྤོབས་སེམས། མོས་སེམས་ཟབ་ཤོས་བཅས་ཡོད།

    1986ལོར་བྱམས་པས་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་འགོ་བཙུགས་པ་དང་། 1993ལོར་ཁོང་གིས“ཤར་རླུང”རྟགས་ཅན་གྱི་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་བོད་ཀྱི་ས་གནས་གང་སར་དངོས་ཟོག་སྐྱེལ་འདྲེན་བྱེད་པར་བསྐྱོད། 2012ལོར་བྱམས་པས་རང་ཉིད་ཀྱི་ཀུང་སི་བཙུགས་པ་མ་ཟད། ད་དུང་སྒོར་ཁྲི་30ལྷག་རི་བའི་བྱེས་བགྲོད་སྒེར་འཁོར་ཞིག་ཀྱང་ཉོས།

    QQ截图20181219112720.jpg

    འདི་ནི་1994ལོར་ལོ་24ལ་སླེབས་པའི་བྱམས་པ(གཡས་ཀྱི་གཉིས་པ)དང་ཁོང་གི་སྤུན་གྲོགས་གསུམ་གྱིས་བོད་ཀྱི་མངའ་རིས་ས་ཁུལ་དུ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་སྐབས་རང་ཉིད་ཀྱིས་ཉོས་པའི“ཤར་རླུང”རྟགས་ཅན་གྱི་སྐྱེལ་འདྲེན་རླངས་འཁོར་གྱི་སྟེང་དུ་བརྒྱབ་པའི་འདྲ་པར་ཡིན་པ།

    QQ截图20181219112553.jpg

    འདི་ནི་2018ལོའི་ཟླ་11ཚེས་26ཉིན་ལྷོ་ཁ་གོང་དཀར་རྫོང་དུ་ལོ་48ལ་སླེབས་པའི་བྱམས་པ(གཡས་ཀྱི་གཉིས་པ)དང་ཁོང་གི་སྤུན་གྲོགས་གསུམ་གྱིས་རང་ཁྱིམ་གྱི་སྒོ་རྩར་བཞག་པའི་སྒེར་འཁོར་གྱི་མདུན་དུ་བརྒྱབ་པའི་འདྲ་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།