[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ།>ས་མཐོའི་སྣོད་བཅུད།
  • ས་མཐོར་སྔོ་ལྗང་རབ་ཏུ་རྒྱས།

    2018ལོའི་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་བཀྲག་མདངས་འཚེར་ས་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-03

    582233_yis_1546404796051.jpg

    འདི་ནི་གངས་རིའི་འདབས་ཀྱི་གཞིས་རྩེའི་རྡོ་ཆེན་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ། 

    2018ལོར་སྨི་ཏི་ཁ་འདམ་ར་དང་མ་ཕམ་གཡུ་མཚོ་འདམ་རའི་རྗེས་སེར་གླིང་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་བཅུག་ཡོད། སེར་གླིང་མཚོ་འདམ་རར་ཀྲུང་གོར་ཡིན་ནའང་འདྲ་ཡང་ན་འཛམ་གླིང་གི་མཐོ་གྲང་འདམ་རའི་སྣོད་བཅུད་མ་ལག་ཁྲོད་མཚོན་བྱེད་རང་བཞིན་དང་། རྩ་ཆེའི་རང་བཞིན། ཐུན་མོང་མ་ཡིན་པའི་རང་བཞིན་བཅས་ལྡན་ཡོད། འདི་ནི་འཛམ་གླིང་གིས་མཐོ་གྲང་འདམ་རའི་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་། ནུས་པ། དངོས་པོའི་འཁོར་རྒྱུག ནུས་པའི་འཁོར་རྒྱུག སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་ཞིག་རེད། 

    2018ལོའི་ཟླ་9ཚེས་6དང་7ཉིན“ཐེངས་གཉིས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི”ཆེད་དོན་བློ་འདྲིའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཁང་གཉིས་ཀྱི་ཡོན་ཧྲི་15དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་དང་མཁས་དབང་70ལྷག་ཙམ་གྱིས་མཚོ་བོད་ས་མཐོའི་ཚན་ཞིབ་ལ་ཐུན་མོང་ཐོག་གྲོས་བསྡུར་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། 

    “མཚོ་བོད་ས་མཐོར་དམིགས་བསལ་དང་ཐུན་མོང་མ་ཡིན་པའི་སྣོད་བཅུད་མ་ལག་གི་རིགས་མང་པོ་ལྡན་ཡོད། འདི་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གླེང་ཆེ་བའི་ས་ཁུལ་25ཡི་གྲས་ཤིག་རེད། དེས་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་སྣོད་བཅུད་བདེ་འཇགས་འགན་ལེན་བྱ་རྒྱུར་ཐུན་མོང་མ་ཡིན་པའི་སྲུང་སྐྱོང་གི་ནུས་པ་ལྡན་པ་དང་དེ་ནི་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་འདེམས་སྒྲུག་གྲ་སྒྲིག་གི་ས་ཁོངས་ཤིག་ཡིན”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཡའོ་ཐན་ཏུང་གིས“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་ཐོག སེར་གླིང་མཚོ་ས་ཁུལ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལྟེ་ཁུལ་གལ་ཆེན་ཞིག་དང་མཚོ་བོད་ས་མཐོའི་ཚན་ཞིབ་གྲུབ་འབྲས་ཐེངས་གཉིས་པར་གཞིགས་ནས་སེར་གླིང་མཚོ་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན“ས་གོ་ལའི་སྣེ་གསུམ་པའི”རྒྱལ་ཁབ་སྤྱི་གླིང་ཚོགས་བསྐྲུན་རྒྱུའི་གྲོས་འགོ་བཏོན་ཡོད། 

    རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། 2018ལོར་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་བོད་ཀྱི་གནམ་སྔོ་ལ་ཆུ་དྭངས་བ་དང་ས་གཙང་བའི་བྱ་སྤྱོད་ཆེན་པོ་གསུམ་མུ་མཐུད་ལག་ལེན་བསྟར་ཡོད། 

    2018ལོའི་ཟླ་9པའི་ཟླ་མཇུག་ཏུ་རང་ལྗོངས་ཀྱི་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་གཙོ་ཁྲིད་བྱས་ཏེ“ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པར”དམིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་སའི་འཛུགས་སྐྲུན་འཆར་འགོད》ཀྱི་རྩོམ་སྒྲིག་ལས་དོན་མགྱོགས་མྱུར་སྤེལ་དགོས་ལུགས་བཏོན་པ་དང་། ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་སྣོད་བཅུད་མ་ལག་ཞབས་ཞུའི་རིན་ཐང་གི་བརྩི་བཤེར་ལས་དོན་སྤེལ་བ། ཐཱན་བསྡུས་དཔལ་འབྱོར་ཞིབ་འཇུག་ལས་དོན་གཏིང་ཟབ་སྤེལ་བ། ཐཱན་འབུད་དབང་ཆ་གཤམ་སྤྲོད་ཀྱི་ཉོ་ཚོང་ལྟེ་གནས་བསྐྲུན་པ། “ཚད་གསུམ་དང་གསལ་ཐོ་གཅིག”གི་སྣོད་བཅུད་ཁོར་ཡུག་གི་ཁུལ་དབྱེའི་དོ་དམ་ཚོད་འཛིན་མ་ལག་སོགས་བཏོད་ཡོད། 

    2018ལོར་རང་ལྗོངས་ཀྱིས་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་མ་ལག་གི་ད་ཡོད་གནས་ཚུལ་དཔྱད་དཔོག་དང་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་མ་ལག་གི་ཞབས་ཞུའི་རིན་ཐང་གི་རྩིས་བཤེར་སྒྲོམ་གཞིའི་མ་ལག་གི་གྲུབ་ཆ་སོགས་ལས་འགན་ཁག་ལ་གཙོ་གནད་ཐོག་དམ་པོར་དམིགས་ནས་ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དང་སྣོད་བཅུད་མ་ལག་ཞབས་ཞུའི་རིན་ཐང་གི་རྩིས་བཤེར་ལས་དོན་སྤེལ་ཡོད། 

    2018ལོའི་ཟླ་6ཚེས་28ཉིན་རང་ལྗོངས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དང་འབྲེལ་བའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་པ་རེད། འདི་ནི་བོད་ཀྱིས་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པའི་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞི་ཐོག་མ་དེ་རེད། 

    “འཛམ་གླིང་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག ས་གོ་ལའི་སྣེ་གསུམ་པ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་པའི”བླ་ན་མེད་པའི་འགན་འཁྲིའི་འོག རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ལྗོངས་ཡོངས་ཀྱི“བྱ་བ་ཆེན་པོ་གསུམ”དུ་བརྩིས་ནས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ། སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྔ་རྗེས་སུ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་། དེ་བཞིན“སྣོད་བཅུད་ལྡན་པའི་བོད་ལྗོངས”དང“མཛེས་སྡུག་ལྡན་པའི་བོད་ལྗོངས”བསྐྲུན་པའི་འཐབ་ཇུས་དམིགས་ཚད་འདོན་པ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་བརྩིས་ནས་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་དང་མི་འདྲ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མ་དངུལ་འབོར་ཆེན་གཏོང་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དམངས་ཕན་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲུང་སྐྱོང་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།