[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་སྒྲིག
  • དབུལ་སྐྱོར་གྱི་ཕན་འབྲས་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་བཏང་བ།

    —— ཤན་རྩ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་ཡན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    ཤན་རྩ་རྫོང་གི་གནས་ཚུལ་མདོར་བསྡུས།

    ཤན་རྩ་རྫོང་གི་ཁོངས་སུ་ཤང(གྲོང་རྡལ)8དང་སྲིད་འཛིན་གྲོང་ཚོ་62ཡོད་པ་དང་བསྡོམས་དུད་ཚང་5561དང་མི་གྲངས་22067ཡོད་པའི་ཁྲོད་འབྲོག་པ་དུད་ཚང་4360དང་། མི་གྲངས་19799 ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་1697དང་མི་གྲངས་7139ཡོད་པ་རེད། ལོ་གསུམ་གྱི་འབད་བརྩོན་བརྒྱུད་2018ལོའི་ལོ་མཇུག་བར་གྲོང་ཚོ་11དབུལ་པོའི་གནས་ནས་ཕྱིར་འཐེན་བྱས་པ་དང་རྫོང་དེ་ཡོངས་སུ་དབུལ་པོ་ཐོན་ཚད་38%ནས་མིག་སྔའི་24.2%བར་ཆག་ཡོད་པ་རེད།

    གཟའ་མིག་དམར་ལ་གཤམ་སྐྱོད་ཀྱིས་བརྟག་ཞིབ་བྱ་རྒྱུ་དེ་ནི་ཤན་རྩ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་ཡན་ཤན་རྩར་སླེབས་ནས་ལས་དོན་སྤེལ་ཚུན་གྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན་ཤ་ཡན་ཤིན་ཏུ་དབུལ་པོའི་གྲོང་ཚོ་དང་དུད་ཚང་དབུལ་པོར་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ཡོད། “ང་ཚོའི་སྲིད་ཇུས་ཀྱི་ཐོན་ཁུངས་དང་བརྩེ་དུང་ཟབ་མོ་དག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འཆང་དགོས། ལས་དོན་གང་ཞིག་སྤེལ་རུང་ཚང་མ་དུད་ཚང་དབུལ་པོ་དང་དབུལ་སྒྲོལ་ལ་དམིགས་ནས་བྱེད་པ་དང་གནད་སྨིན་དོན་འཁྱོལ་ཐུབ་པ་བྱེད་པ་དཔེར་ན། རྫོང་དེ་ཡོངས་སུ‘ལོ་ལྔ་ཚན་བཅུ་གསུམ་པའི’དུས་དཀྱིལ་དུ་ཐོན་ལས་འཆར་འགོད་ལེགས་སྒྲིག་བྱས་རྗེས་ཐོན་ལས་རྣམ་གྲངས་བསྡོམས་24ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.37བཏང་ནས་རྫོང་ཡོངས་ཀྱི་ཐོན་ལས་རྣམ་གྲངས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ལེགས་སྒྲིག་བྱས་རྗེས་མི་གྲངས་2804ཐོན་ལས་རྣམ་གྲངས་ཀྱི་ཁེ་ཕན་དང་འབྲེལ་མཐུད་བྱེད་བཞིན་ཡོད་པ་ལྟ་བུའོ” ཤ་ཡན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནི་དབུལ་སྐྱོར་གྱི་ཕན་འབྲས་སམ་ཡང་ན་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་དེ་ཡིན་པས་དབུལ་པོ་ཐོན་ཚད་དང་། དབུལ་པོར་རང་ལོག་བྱེད་ཚད། 

    དབུལ་པོ་ནས་ཕྱིར་འཐེན་བྱེད་ནོར་ཤོར་ཚད་བཅས་ཚོད་འཛིན་ཧུར་ཐག་བྱེད་པ་དང་སྦྲགས་རིམ་པ་བཞིན་སྐུལ་འདེད་ཏན་ཏིག་གཏོང་དགོས་ཅེས་བཤད།

    ཤན་རྩ་རྫོང་གིས“ཚད་ལོན་གཅིག”དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་དམིགས་ཚད་ལ་དམ་པོར་གཞིགས་ནས་ཡུལ་གཞན་དུ་གནས་སྤོ་དང་། ཐོན་ལས་དབུལ་སྐྱོར། ལས་ཞུགས་གཞན་སྒྱུར། ཆ་སྒྲིག་རོགས་སྐྱོར་སོགས་གནད་སྨིན་བྱེད་ཐབས་ཁག་བཅུ་ལག་བསྟར་ཧུར་ཐག་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད། ཤ་ཡན་གྱིས་གསར་འགོད་པར་ཐོན་ལས་དབུལ་སྐྱོར་ཐད་རྫོང་ཡོངས་ཀྱིས“ཤང་རེར་མཉམ་ལས་ཁང་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”བཀོད་སྒྲིག་ཟིན་པ་དང་སྦྲགས་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། རྫོང་ཡོངས་སུ“མྱུར་འགྲུབ་རྣམ་གྲངས”ཁྱོན་8ཡོད་པ་དེར་ཁྱོན་མ་དངུལ་སྒོར་ཁྲི་3993.26བཏང་བ་ཆ་ཚང་དམིགས་སར་འབྱོར་བ་རེད། རྣམ་གྲངས་5ལེགས་སྒྲུབ་ཟིན་པ་དང་། རྣམ་གྲངས་3སྐྲུན་བཞིན་ཡོད་པ། ཁེ་ལས་དབུལ་སྒྲོལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སེར་གླིང་མཚོའི་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི་དང་། འབྲོག་ལས་གསར་སྤེལ་ཀུང་སི། ངལ་ནུས་ཀུང་སི་བཅས་བཙུགས་ཡོད་ཅེས་བཤད།

    ཤ་ཡན་གྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་གྱི་ཕན་འབྲས་གནད་སྨིན་ཡོང་རྒྱུར་དམིགས་པས་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྣེ་འཁྲིད་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ཡོད”ཅེས་བཤད། 2016ལོ་ཚུན་དུ་ཤན་རྩ་རྫོང་ཨུད་ཀྱིས་རྫོང་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཏང་འཛུགས་སྐྱོང་+”གི་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་དང་། “ཏང་འཛུགས་སྐྱོང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཟུང་དུ་འབྲེལ་བ”“ཏང་འཛུགས་སྐྱོང་དང་གཞི་རིམ་གྱི་མཁར་རྫོང་སྲ་བརྟན་དུ་གཏོང་བ་ཟུང་དུ་འབྲེལ་བ”“ཏང་འཛུགས་སྐྱོང་དང་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་འཁྲིད་པ་གསོ་སྐྱོང་ཟུང་དུ་འབྲེལ་བ”“ཏང་འཛུགས་སྐྱོང་དང་བསམ་བློའི་རོགས་སྐྱོར་ཟུང་དུ་འབྲེལ་བ”སོགས་ཀྱི་བྱེད་ཐབས་བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་གིས་མི་2637དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་བཏང་བ། མང་ཚོགས་སྣེ་འཁྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ཁག་69འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་བ། མི་7632ལ་འབབ་འཕར་སྒོར་ཁྲི་6095.42བྱུང་བ། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་0.8ཙམ་བྱུང་བ་བཅས་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དུས་སུ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་62ཚང་མ་དབུལ་པོའི་ཚད་གཞིར་སླེབས་ཡོད་པ་དང་དབུལ་པོ་ཐོན་ཚད་38%ཟིན་ཡོད། ལོ་གསུམ་རིང་ལས་དོན་ཏན་ཏིག་སྤེལ་བ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་པ་ནས་བཟུང་སྒུལ་རྣམ་ལེགས་སྒྲིག་ཐེངས་མང་བྱས་པ་བརྒྱུད་རྫོང་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་1697དང་དབུལ་པོ་7139ཡོད་པ་རེད། ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་བྱས་པ་ལས་ལོ་གསུམ་ནང་རིམ་རྩིས་ལྟར་ན་དུད་ཚང་612དང་མི་2590དབུལ་སྒྲོལ་ཐུབ་པ་དང་དབུལ་པོ་ཐོན་ཚད་2016ལོའི་38%ནས་2018ལོའི་24.2%བར་ཆག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།