[ English ] [ 中文 ]
0891-6325020
  • ཧུའུ་པེ་ཞིང་ཆེན་གྱིས་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་ཚོཌ་འདུ་འཚོགས་ནས་ལས་གནས་རྩེ་གྲ་3000ཙམ་མཁོ་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-30

    ཚེས་24ཉིན། ཧུའུ་པེ་ཞིང་ཆེན་གྱི་2019ལོའི་ལས་ཞུགས་བོད་སྐྱོར་ཤིན་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ལས་བསྡུའི་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་ཧུའུ་པེ་མི་རིགས་སློབ་ཆེན་དུ་འཚོགས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་ལས་བསྡུའི་བྱེད་སྒོར་ཁྱོན་བསྡོམས་ཚན་པ་120དང་ལས་གནས་རྩེ་གྲ་3106ལས་མི་བསྡུ་བར་སླེབས་ཡོད་ཅིང་། ཧུའུ་པེ་མི་རིགས་སློབ་ཆེན་དང་། ཧུའུ་པེ་མི་རིགས་སློབ་ཆེན་ཚན་རྩལ་སློབ་གླིང་། ཨན་ཧྲི་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་སློབ་ཐོན་སློབ་མ་དང་། དེ་བཞིན་སློབ་གྲྭ་འགྲིམ་མུས་ཀྱི་ཐེམ་ཁུངས་བོད་དང་ཤིན་ཅང་ནས་ཡིན་པའི་སློབ་ཆེན་སློབ་མ་2000ཙམ་ལས་མི་བསྡུ་བའི་བྱེད་སྒོར་ཞུགས་ཡོད་ཅིང་། བྱེད་སྒོའི་ཉིན་མོར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཞུང་ཁོངས་ཁེ་ལས་རྩེ་གྲ་20ཙམ་དང་ལས་གནས་300ལྷག་ཙམ་སྒྲིག་འཛུཌ་ཀྱིས་ཧུའུ་པེར་ལས་མི་བསྡུ་བར་བསྐྱོད་པ་མ་ཟད། ལས་མི་བསྡུ་ཡུལ་དུ་དང་ལས་འཚོལ་འདོད་མཐུན་བཞག་པའི་མི་387ཡོད་པའི་ཁྲོད་བོད་ཀྱི་ཁེ་ལས་ལ་ཐོ་འགོད་བྱས་པའི་སློབ་ཆེན་སློབ་མ་151ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཨན་ཧྲི་ལས་རིགས་ལག་རྩལ་སློབ་གླིང་དུ་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཏེ་སློབ་གླིང་དེའི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་300ལྷག་ཙམ་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་ཉན་པར་བསླེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།