[ English ] [ 中文 ]
0891-6325020
  • བོད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། སེམས་ནང་ཟུག་པ། ཏན་ཏིག་སྤེལ་རྒྱུ་བཅས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

     “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད་བཅས་ཁོང་དུ་ནན་པོ་ཆུད་པར་བྱས་ནས་དོན་དངོས་ལ་གཞི་ཚུགས་པ་དང་། བྱ་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་པ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཡོང་བའི་བརྩོན་ལེན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། སེམས་ནང་ཟུག་པ། ཏན་ཏིག་སྤེལ་རྒྱུ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་དམངས་ཆེད་ཀྱི་དམིགས་ཡུལ་ལག་ལེན་བསྟར་བ་དང་། འགན་འཁྲི་གཙང་སྒྲུབ་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ལྡན་ངང་སྤོང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་ནུས་ལྡན་གཏོང་བ་བཅས་ལ་གཙོ་གནད་ཐོག་དམིགས་ཏེ་བགྲོ་གླེང་གཏིང་ཟབ་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་ཡོད་པ་རེད། ཚོགས་འདུའི་ཐོག་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ་སོགས་ཀྱིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་པ་དང་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་གནང་ནས་གཏམ་བཤད་སྤེལ་བ་རེད། 

    ཆེ་དགྲ་ལྷས་ལོ་བརྒྱ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་། གོ་སྐབས་གསར་པ་དང་འགྲན་སློང་གསར་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་བཅས་ཀྱི་མདུན་དུ། ང་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བློ་ཁོག་ཆེན་པོས་འགན་འཁྲི་ཁུར་ཏེ་རྒྱུགས་སྤྲོད་མཁན་ཡག་པོ་ཞིག་བྱེད་དགོས། ནན་ཏན་ངང་སློབ་སྦྱོང་དང་རང་སྦྱོང་གཙོ་བོར་བྱས་ནས་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་ཀྱི་ཐད་དངོས་འབྲེལ་འབད་བརྩོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་གཏིང་ཟབ་དང་། 《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅེས་བཏུས》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》སློབ་སྦྱོང་གཏིང་ཟབ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་རྩོམ་ཡིག་གལ་ཆེན་གསར་ཤོས་སློབ་སྦྱོང་གཏིང་ཟབ་བཅས་བྱས་ནས་དེའི་ལྟེ་བའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་ལེན་པ་དང་། རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་བ། ནོར་འཛོལ་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ་ལྷག་བསམ་འཕེལ་བ་དང་། དད་སེམས་འཇགས་པ། འགན་འཁྲི་འཁུར་བ། འཇོན་ཐང་འཕེལ་བ། འགན་འཁྲི་གཙང་སྒྲུབ། རྩོལ་ཤུགས་སྐྱེ་བ། སྤྱོད་གཙང་སྲུང་བ་བཅས་ཀྱི་འགན་ལེན་བྱེད་དགོས། གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཡོངས་ལ་དམིགས་པ། རྒྱལ་སྤྱིའི་མཐོང་རྒྱའི་ཐོག་ནས་བོད་ཀྱི“སྔོན་ཆད་དང་། ད་ཆ། འབྱུང་འགྱུར”གསུམ་ལ་བསམ་གཞིག་བྱེད་པ། ལོ་རྒྱུས་འཕེལ་ཕྱོགས་ཁྲོད་ཆོས་ཉིད་སྟངས་འཛིན་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་གནས་ཚུལ་མཐིལ་རྟོགས་གསལ་པོ་དངོས་འབྲེལ་བྱེད་པ་དང་། གནད་དོན་དབྱེ་ཞིབ་གསལ་པོ་བྱས་ཏེ། ཞིབ་འཇུག་བརྒྱུད་གནད་དོན་ཐག་གཅོད་བྱེད་ཐབས་དང་། ལས་དོན་སྤེལ་ཐབས་འདོན་དགོས། དམིགས་ཚད་ལ་དམ་པོར་གཞིགས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྒྱུར་བཅོས་གསར་གཏོད་ཀྱིས་ཚན་རིག་དང་མཐུན་པའི་ངང་ལས་དོན་སྒྲུབ་པ། ལམ་སེང་སྒྲུབ་ཐུབ་རིགས་འགན་ཁུར་ནས་སྒྲུབ་པ། བརྟན་ལྷིང་ཨང་དང་པོར་འཇོག་པ་དང་བརྟན་ལྷིང་ཐམས་ཅད་ལས་ལྷག་པ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ལྡན་སྤོང་བ། “ཁ་བཤད་ལག་བསྟར་དང་། མྱུར་དུ་སྒྲུབ་པ། ཡག་པོ་སྒྲུབ་པ”བཅས་ཀྱི་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནུས་ལྡན་བསྟར་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འདྲེས་པའི་འབྲེལ་བ་ཟབ་ཏུ་གཏོང་བ། ཐབས་ཤེས་ཡོད་རྒུས་མང་ཚོགས་ལ་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་སྤུས་འབོར་གཉིས་ལྡན་གྱིས་ལེགས་སྒྲུབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་བ་དང་ལྗོངས་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་ཡོན་དང་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ལྟ་སྐོར་ལ་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ནང་དོན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ལྟ་སྐོར་གྱི་དམིགས་ཡུལ་ནི་རྒྱས་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་བརྒྱུད། བོད་བརྟན་བོད་དར་བོད་སྐྲུན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་བྱ་སྤྱོད་དངོས་ཀྱི་ཁྲོད་སྔར་བས་མཉམ་འདྲེས་ཏན་ཏིག་ཐུབ་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་འཆང་བ། མུ་མཐུད་འབད་འཐབ་བྱེད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་དེ་རེད། 

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་དམངས་ཆེད་དཀའ་གནད་སེལ་བའི་བླང་བྱ་གཞིར་བཟུང་། ཚེས་9ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་དང་། སྦྲ་ནག་ཞོལ་སྡེ་ཁུལ། རབ་གསལ་སྡེ་ཁུལ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་སྔར་ལས་ལྷག་པའི་ངང་བསྡུ་ལེན་བྱས་པ་རེད། 

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ཤང(གྲོང་རྡལ)དང་ཚན་པ་ཁག་གི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ“ཡ་རབས་སྤྱོད་བཟང་། དུས་རབས་ཀྱི་མིག་དཔེའི”བྱ་དགའ་སྤྲོད་པའི་མཛད་སྒོ་བལྟས་ནས་མིག་དཔེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་མེས་རྒྱས་ལ་དགའ་ཞེན་བྱེད་པ་དང་མི་དམངས་ལ་དགའ་ཞེན་བྱེད་པའི་ཁོང་ཚོའི་བསམ་བློའི་འཁྱེར་སོར་སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། 

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་གིས་བཀོད་འཐབ་པའི་འཐུས་མི60སྒྲིག་འཛུགས་བྱས་ཏེ་ཅིན་ཀང་རི་བོའི་གསར་བརྗེའི་སློབ་གསོའི་སྐོར་སྐྱོད་འགྲེམས་སྟོན་ཁང་དུ“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།