[ English ] [ 中文 ]
0891-6325020
  • ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

    ​ ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཆེ་དགྲ་ལྷ་དང་།ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-01

    ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་འཚོགས་ཏེ“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིཌ་པ་དང“དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་ལག་ལེན་བསྟར་ནས་འགན་འཁྲི་གཙང་སྒྲུབ”ལ་གཙོ་གནད་ཐོག་དམིགས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་བའི་དོན་དངོས་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བགྲོ་གླེང་ཟབ་མོ་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་བཅས་ཚོགས་འདུར་ཞུགས་ཤིང་། ཀྲོང་ཡན་དང་། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཁྲེང་ཡུང་ཆི་བཅས་ཀྱིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་རང་ངོས་ཀྱི་ལས་དོན་དང་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་བ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་ལག་ལེན་གཏིང་ཟབ་བསྟར་ཏེ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་མང་ཚོགས་ཀྱི་ལྟ་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས། མང་ཚོགས་ཀྱི་བརྩེ་དུང་། མང་ཚོགས་ལ་ཞབས་འདེགས་བཅས་ཀྱི་ཐད་རང་ཉིད་ལ་ཧེ་བག་གང་དག་ཡོད་མེད་འཚོལ་དགོས་པ་དང་། རང་རྟོགས་ངང་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མཉམ་དུ་ལས་དོན་སྒྲུབ་པ་། དམངས་ལ་ཕན་བདེ་སྐྲུན་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བཅས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། དམངས་འཚོ་ཕྱོགས་སྟོན་དུ་བཟུང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་སེམས་སུ་ཟུག་པ་དང་བྱ་སྤྱོད་ལ་འཁྱོལ་བར་བྱེད་པ། བརྩེ་སེམས་བཅངས་ནས་མང་ཚོགས་ཚོས་སེམས་ཁྲལ་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་ནུས་ལྡན་ངང་སེལ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོས་ཏང་ལ་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་གིས་བོད་དུ་ཡུན་རིང་སྲིད་སྐྱོང་བར་བློས་འཁེལ་ཤོས་ཀྱི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་ཕན་བདེ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྩེ་སེམས་བཅངས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་དོན་མཐའ་དག་དམངས་འཚོ་ལེགས་སུ་གཏོང་བའི་ཕྱོགས་སུ་དམིགས་ནས་ཤུགས་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལས་དོན་མཐའ་དག་ལ་བརྟག་བཤེར་བྱེད་པའི་ཚད་གཞིར་རྩི་བ། བསྒྲུབས་ཟིན་པའི་བྱ་བ་མུ་མཐུད་ཡག་པོ་སྒྲུབ་པ་དང་། སྒྲུབ་དགོས་པའི་བྱ་བ་འཕྲལ་དུ་སྒྲུབ་པ། གནས་སྐབས་སྒྲུབ་མ་ཐུབ་པའི་བྱ་བར་མཐུན་རྐྱེན་བསྐྲུན་ནས་སྒྲུབ་གང་ཐུབ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་སུ་བཏང་བ་བརྒྱུད་མང་ཚོགས་ཀྱི་བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནང་བ། ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལས་བྱུང་བ་བཅས་ཡིན་པ་དངོས་འབྲེལ་ཤེས་པ་དང་། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་གུས་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་སེམས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱེད་པའི་བྱ་སྤྱོད་དངོས་ལ་རང་རྟོགས་ངང་སྒྱུར་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།