[ English ] [ 中文 ]
0891-6325020
  • བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

     ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་སྣ་མང་བརྒྱུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཧུར་ཐག་སྤེལ་ནས་ཇུས་འགོད་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རིམ་སྤོར་བྱེད་པའི་ཐད་ནུས་ཤུགས་ཆེན་པོ་འདོན་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུའི་རྩ་གནད》པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། སྲིད་གཞུང་གི་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་ཀྱང་གནང་བ་རེད།

    ཆེ་དགྲ་ལྷས་སྲིད་གཞུང་གི་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་བླང་བྱ་གསལ་པོ་བཏོན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན།

    བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང“ཕྱོགས་ལྔའི་ཐད་ཀྱི་ཞིབ་ཕྲའི་དམིགས་ཚད”ལ་དམིགས་ནས་སྣེ་ཁྲིད་དེ་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ། དེང་སྐབས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་བཅས་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་འཕེལ་བའི་སྤྲོ་སེམས་དེ་དག་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་དག་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་ཟོན། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཁྲོད་མཚོན་པར་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཤེས་པ་དང་། སྤྱོད་ཚུལ་བསྒྱུར་བ་དང་སྲོལ་གསར་གཏོད་པ། དམངས་ཆེད་ཞབས་ཞུ་སྒྲུབ་པ་དང་དཀའ་གནད་སེལ་བ། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་བཅས་ཀྱི་ཐད་མཚོན་པར་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ལ་མིག་དཔེ་འདོན་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2019ལོའི(“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཐེངས་དང་པོ)སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཆོས་འཛོམས་གདན་དྲངས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཡག་པོ་དང་དཔེ་སྟོན་བྱས་ཐོག ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་དགོས་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ནས་ཆབ་སྲིད་ཆེ་ཤོས་ཡིན་པའི་དམངས་སེམས་ལ་དམ་པོར་དམིགས་ནས་དམངས་སེམས་དང་དམངས་འདུན་ཐོབ་པ་དང་། དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་དུ་བསྡུ་རྒྱུ་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ཤུགས་རྒྱག་ས་གལ་ཆེན་ལ་བརྩི་དགོས་པ། ཆབ་སྲིད་ཁོར་ཡུག་བཟང་པོ་གསོ་འཁྱོངས་བྱས་ཏེ་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་ཆབ་སྲིད་ཀྱི་ཁོར་ཡུག་གི“ནགས་སྲུང་པ”དང“ཤིང་རྟ་མོའི”ནུས་པ་ཡག་པོ་བཏོན་སྟེ་ཆབ་སྲིད་ཁོར་ཡུག་ཁྲོད་ཀྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་མེད་པ་བཟོ་དགོས་པ་བཅས་རེད།

    ཉེ་ཆར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གཟིགས་མཛུབ་ཁྲིད་ཚོགས་ཆུང་གསུམ་པ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཚོགས་འདུའི་ཐོག་བསམ་བློར་དྲག་ཆས་སྤྲོས་པ་དང་། འགན་འཁྲི་འཁུར་བ། དམངས་ལ་ཞབས་འདེགས་ཞུ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཐད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ལ་ད་དུང་ཧེ་བག་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་ཀའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་འགྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། སེམས་ཐག་གཙང་བཅད་ཀྱི་ཆོད་སེམས་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཙོ་རྒྱུན་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྙིང་སྟོབས་འཕེལ་བར་བྱེད་པ་དང་། དྲང་ནུས་ཁྱབ་སྤེལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྩ་བའི་ལས་འགན་དེ་གཙོ་རྐང་མངོན་གསལ་དོད་ཤོས་སུ་བརྩིས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ནོར་སྲིད་སྡེ་ཚན་གྱི་ལས་རིགས་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། ཞིབ་ཕྲའི་ལས་སྒོ་དང་ཟུང་འབྲེལ་བྱས་ཏེ་བསམ་བློའི་རང་རྟོགས་ཀྱིས་བྱ་སྤྱོད་ཀྱི་རང་རྟོགས་ལ་ཁྲིད་སྟོན་བྱེད་པ་དང་། བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་བསམ་བློའི་རང་རྟོགས་གཏིང་ཟབ་ཏུ་བཏང་ཐོག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་གསར་པ་ཡོད་པ་དང་། ལས་སྒྲུབ་ལས་གཏོད་ལ་ཡར་རྒྱས་གསར་པ་ཡོང་བ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་བཟང་པོ་ཐོབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།