[ English ] [ 中文 ]
0891-6325020
  • ཆུ་གསུམ་རྫོང་པ་ནི་གྲོང་ཚོས་བདེ་སྐྱིད་འཆམ་མཐུན་གྱི་སྲོལ་གསར་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    དཔྱིད་དཔལ་རབ་ཏུ་བཞད་པའི་དུས་འདིར། པ་ནི་གྲོང་ཚོར་བསིལ་རླུང་དལ་བུར་ལྡང་ཞིང་ཉི་འོད་རབ་ཏུ་འཚེར། ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་ལ། མི་རྣམས་ཀྱང་སེམས་ཤུཌ་ཀྱིས་ཁེངས། འོན་ཀྱང་། ཡུལ་སྲོལ་སྒྱུར་བའི་ལས་དོན་མ་སྤེལ་བའི་ལོ་གཉིས་ཀྱི་སྔོན་དུ་ལམ་འགྲམ་དང་སྲང་ལམ་གང་ས་གང་དུ་གད་སྙིཌ་ཀྱིས་ཁེངས་པས་བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ངན་པ་ཚབས་ཆེན་པོ་གནས་ཡོད།

    སྣང་ཚུལ་དེ་རིགས་ལ་འགྱུར་ལྡོག་གཏོང་ཆེད་པ་ནི་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཞིང་འབྲོག་མང་ཚོཌ་དང་མཉམ་དུ་ལག་གདང་སྦྲེལ་ནས་ལྗང་མདོག་གི་ཁྱིམ་གཞིས་དང་སྡོད་མལ་ཁོར་ཡུག་ཅིག་གཏོད་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། “ལུགས་རྙིང་སྲོལ་ངན་དོར་ནས་ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བའི”ཡུལ་སྲོལ་སྒྱུར་བའི་ལས་དོན་སྤེལ་བ་དང་། གྲོང་སྲོལ་དམངས་ཆིངས་བཟོས་ནས་ཡུལ་མིའི་བྱ་སྤྱོད་ལེགས་སུ་བཏང་བ་སྟེ། “ཁ་ཆད་ལས་ཐེངས་གཅིག་འགལ་ཚེ་ངོས་ལེན་ཞུ་བ་དང་། ཐེངས་གཉིས་འགལ་ཚེ་རྒྱང་བསྒྲགས་ནས་ཁྱབ་བསྒྲགས་བྱེད་པ། ཐེངས་གསུམ་འགལ་ཚེ་ཆད་པ་མང་པོ་གཅོད་པའི”གསོན་ཉམས་དོད་པོའི་རྣམ་པའི་ཐོག་ནས་གྲོང་སྲོལ་དམངས་ཆིངས་དང་ཁྲིམས་ལུགས་སྒྲིག་སྲོལ་ལག་ལེན་བསྟར་བ་རེད།

    ད་ཆ་པ་ནི་གྲོང་ཚོའི་ཡ་རབས་མིན་པའི་སྣང་ཚུལ་རིམ་བཞིན་ཉུང་དུ་ཕྱིན་ནས་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། རིག་གནས་ཀྱི་རྣམ་པ་དེ་བས་ཟབ་པ། སྡོད་མལ་གྱི་ཁོར་ཡུག་དེ་བས་ལེགས་པའི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་ནས་གང་སར་བདེ་སྐྱིད་དང་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།