[ English ] [ 中文 ]
0891-6325020
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཀྲི་པུའུ་ཡིས་ཏང་ཡོན་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    653277_yis_1565929264507.jpg

    གསར་བརྗེའི་སྲོལ་རྒྱུན་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཏང་གི་དམིགས་ཡུལ་བརྟན་པོར་ངེས་པ། སྤྱི་བདེའི་ལས་དོན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་ཆེད། ཉིན་ཤས་གོང་། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཀྲི་པུའུ་ཡིས་ཏང་ཡོན་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་དུ་ཚོགས་ཆུང་ཁག་བགོས་ཀྱིས་ལྟ་སྐོར་བྱས་པ་དང་ཆབས་ཅིག“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཅུས་དེའི་ཏང་ཡོན་མི་དམངས་ཉེན་རྟོག་པས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།