[ English ] [ 中文 ]
0891-6325020
  • ​ གནད་དོན་ལ་ཞིབ་ལྟ་གཏིང་ཟབ་བྱས་ནས་རང་ངོས་ཀྱི་ཧེ་བག་གནད་འཁེལ་འཚོལ་དགོས།

    ​“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག“ཏང་ཡོན་ལས་བྱེད་པ་ཚོས་གྲི་ཁ་ནང་གཏད་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཞིབ་ལྟ་དང་རང་སྐྱོན་རང་བརྟག་བྱས་ནས་གནད་དོན་ཏན་ཏིག་འཚོལ་བ་དང་གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་ནན་པོ་བྱས་ཐོག་འབད་བརྩོན་གྱི་ཁ་ཕྱོགས་དང་ལེགས་བཅོས་བྱ་ཐབས་གསལ་སྟོན་བྱེད་དགོས”ཞེས་བསྟན་གནང་ཡོད།

    གནད་དོན་ལ་ཐད་ཀར་ཕྱོགས་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ལེགས་ཆ་རེད། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བཞིན་ཡོད་པའི་སྐབས་སུ། གནད་དོན་ལ་ཞིབ་ལྟ་བྱེད་པ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བྱ་ཐབས་དངོས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་འདོན་དགོས། རང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཐོག་མའི་འགན་འཁྲི་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་གཞིགས་ནས་གནད་དོན་ལ་ཞིབ་ལྟ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་། གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད་བཅས་ཟུང་འབྲེལ་དམ་ཟབ་བྱས་ཐོག བརྗོད་དོན་གཙོ་བོའི་སློབ་གསོ་ནུས་ལྡན་སྤེལ་བར་གྲུབ་འབྲས་ཏན་ཏིག་ཐོབ་ཡོད།

    ཧེ་བག་མ་བཙལ་ན་མི་ཤེས་པ་དང་། གནད་དོན་མ་བཙལ་ན་ཐག་གཅོད་མི་ཐུབ། “གནད་དོན་ལ་ཞིབ་ལྟ་གཏིང་ཟབ་བྱེད་རྒྱུ”དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་ཏང་ནང་ཁུལ་གྱི་སློབ་གསོའི་ཁྱད་ཆོས་དང་ཆོས་ཉིད་མཚོན་པར་བྱེད་དགོས་ལ། གནད་དོན་ལ་ཐད་ཀར་ཕྱོགས་པའི་རྣམ་འགྱུར་གསལ་པོ་ཡང་མཚོན་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པ་བྱེད་པར། གནད་དོན་འཚོལ་ཞིབ་ཏན་ཏིག་བྱེད་པ་དང་འབྱུང་རྩ་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། གནད་དོན་ལ་དོ་ཁུར་བྱེད་རྒྱུ་དེ་བས་ཚད་དང་མཐུན་ཚེ། ཐག་གཅོད་བྱེད་དགོས་པའི་གནད་དོན་དེ་བས་མང་པོ་ཡོད་ལ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་བས་ཆེ་བ་ཡོད། གནད་དོན་གང་ཡིན་པ་དང་གནད་དོན་གང་དུ་ཐུག་པ་གསལ་པོ་ཤེས་ཚེ། གནད་དོན་ཐག་གཅོད་ཀྱི་ཐབས་མཆོག་དང་ཐབས་ངོ་མ་འདོན་ཐུབ།

    གནད་དོན་ལ་ཞིབ་ལྟ་གཏིང་ཟབ་བྱེད་པ་དང་རང་ངོས་ཀྱི་ཧེ་བག་འཚོལ་བར། རང་སྐྱོན་རང་བརྟག་དང་གཞན་སྐྱོན་བརྗོད་རྒྱུ་ཟུང་འབྲེལ་གྱིས་རང་ངོས་ལ་ཞིབ་ལྟ་དང་རང་སྐྱོན་རང་བརྟག་དང་། བསམ་འཆར་བསྡུ་ལེན་རྒྱ་ཁྱབ། སྐོར་གཟིགས་སྐོར་ཞིབ་དང་བསྡུར་བ་དང་གོང་རིམ་གྱི་མཛུབ་ཁྲིད་དང་། ཕན་ཚུན་རོགས་རམ། མཉམ་སྡེབ་གྲོས་མོལ་སོགས་ཀྱི་བྱ་ཐབས་བརྒྱུད། ཧེ་བག་དང་མི་འདང་ས་འཚོལ་བཤེར་བྱེད་པ་དང་། གནད་དོན་འཚོལ་ཞིབ་དང་རེ་རེ་བཞིན་གསལ་ཐོ་བཟོས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད། འཇོན་ཐང་། སྲིད་གཙང་བཅས་དང་ལྷག་དོན་དུ་རང་ངོས་ཀྱི་འདོད་ཚུལ་དང་བསམ་བློར་དབྱེ་ཞིབ་གཏིང་ཟབ་བྱེད་དགོས། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་རང་ངོས་ཀྱི་ཧེ་བག་ལ་ཞིབ་ལྟ་བྱས་ཐོག གནད་དོན་གང་ཞིག་ཡོད་ཕྱིན་དེ་འཚོལ་བཤེར་བྱས་ཏེ་གནད་དོན་འཚོལ་ཞིབ་ཏན་ཏིག་དང་། འབྱུང་རྩ་ནས་ཐག་གཅོད། དག་ཐེར་གྱི་ཁ་ཕྱོགས་འཚོལ་ཞིབ་གནད་འཁེལ་བཅས་བྱེད་དགོས།

    གནད་དོན་ལ་ཞིབ་ལྟ་གཏིང་ཟབ་བྱེད་པ་དང་རང་ངོས་ཀྱི་ཧེ་བག་གནད་ལ་འཁེལ་བ་འཚོལ་བར། ཚད་གཞི་དང་མཐའ་ཚད་དང་ཡང་ཡང་བསྡུར་བ་དང་རེ་བ་ནན་པོ་བཏོན་ནས་བྱས་རྗེས་གཞན་སྤྲོད་དང་འགན་འཁྲི་རང་འཁུར་གྱི་བློ་རྒྱ་ལྡན་པ་དང་། མི་དང་། བྱ་བ། བསམ་བློ་མཐོང་ཐུབ་པ་བྱས་ཏེ། ཚན་ཁག་གི་གནད་དོན་གྱིས་མི་སྒེར་གྱི་གནད་དོན་གྱི་ཚབ་མི་བྱེད་པ་དང་། གཞན་གྱི་གནད་དོན་གྱིས་རང་གི་གནད་དོན་གྱི་ཚབ་མི་བྱེད་པ། གནད་དོན་རྙིང་པས་གནད་དོན་གསར་པའི་ཚབ་མི་བྱེད་པ། ལས་ཀ་དང་ལས་སྒོའི་གནད་དོན་གྱིས་བསམ་བློ་ཆབ་སྲིད་ཀྱི་གནད་དོན་གྱི་ཚབ་མི་བྱེད་པ། དཔོན་ཉམས་ཀྱི་རྩོམ་ཡིག་མི་སྤེལ་བ་དང་བཙན་ཐབས་ཀྱིས་གྲངས་གཞི་གཏན་འཁེལ་མི་བྱེད་པ་བཅས་བྱས་ཐོག རྩོམ་སྲོལ་བཟང་པོ་སྤྱོད་ཚུལ་བཟང་པོའི་ཐོག་མངོན་པར་བྱེད་དགོས།

    ལྷག་དོན་དུ་ཧ་རེ་ཧུ་རེ་དང་། གནད་ལ་མི་འཁེལ་བ། ཆེ་གཡོལ་ཆུང་བཤད། ཆེ་སྐུང་ཆུང་བཤད་བཅས་ལ་དོགས་ཟོན་བྱས་ནས། ཐག་གཅོད་དང་ཞིབ་བཤེར་གཏིང་ཟབ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་གནད་དོན་རེ་རེ་བཞིན་གསལ་པོ་བཏོན་ཐོག་ཏང་ཡོན་ལས་བྱེད་པའི་རང་ངོས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ལ། འཕེལ་རྒྱས་བརྒྱུད་རིམ་ནང་གི་དཀའ་གནད་སེལ་དགོས་པ་དང་། བསམ་བློ་སློབ་སྦྱོང་ཐོག་གི་ཧེ་བག་འཚོལ་དགོས་ལ། གནད་དོན་ངོ་མ་ཐག་གཅོད་ཀྱི་བྱ་ཐབས་བཏོན་ཏེ་གནད་དོན་ལ་དམིགས་པ་དང་གནད་དོན་ཐག་གཅོད་ལ་དམ་འཛིན་ནན་པོ་བྱེད་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཡག་པོ་ཡོད་མིན་དེ་མཐར་གཏུགས་ནས་བརྗོད་ན་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་ཐུག་ཡོད། དེ་ནི་ལས་ཀའི་རྣམ་འགྱུར་ལ་ཚོད་བགམ་བྱས་པ་ཞིག་ཡིན་ལ་འགན་འཁྲི་ཞིག་དེ་བས་ཡིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་རང་འགུལ་ངང་རང་ཉིད་དེའི་ནང་ཞུགས་པ་དང་། བསམ་བློ་དེའི་ཐད་གཏོང་བ། ལས་ཀ་དེའི་ནང་བྱེད་པ་བཅས་བྱས་ནས། བསམ་བློ་དང་། ལས་དོན། འཕེལ་རྒྱས་བཅས་ཀྱི་ཁྲོད་གནས་པའི་གནད་དོན་དང་ཞིབ་བསྡུར་བྱས་ཐོག རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ནང་འཕེལ་བའི་ལས་ཀའི་སྤྲོ་སེམས་དང་ཡར་བརྩོན་གྱི་སྙིང་སྟོབས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་འགྱུར་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།