[ English ] [ 中文 ]
0891-6325020
  • བརྩེ་སེམས་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་བསམ་པ་རྣམ་དག་གིས་དཀའ་ངལ་སེལ་བ།

    ​ བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-19

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་རྐང་ལ་དམིགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་ཐོབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    “གནད་དོན་ཁག”མང་ཚོགས“བློ་ཡིད་ཚིམ་སར”འགྱུར་བ་བྱས་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་རང་ལྗོངས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་།མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། སེམས་ཁྲལ་བྱེད་ས། རེ་སྒུག་བྱེད་ས་བཅས་གསལ་པོ་ཤེས་པ་བྱས་ཏེ“གནད་དོན་ཁག”མང་ཚོགས“བློ་ཡིད་ཚིམ་སར”ཧུར་ཐག་འགྱུར་བ་བྱས་པ་རེད།

    དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྣེ་འཁྲིད་དེ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་ཀྱི་རྫོང་དང་ཆུས་27དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)32 གྲོང་ལྷན་23བཅས་སུ་ཕེབས་ནས་ལས་བྱེད་པ་དང་། དཔོན་དམག དགེ་སློབ། མང་ཚོགས་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་། གཅིག་སེམས་གཅིག་སྦྲེལ་གྱིས་སྦྲེལ་མཐུད། དངོས་གནས་དྲང་གནས་ཀྱིས་གནད་དོན་ཐག་གཅོད་བཅས་གནང་བ་རེད།

    རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས་འབྲེལ་གཏུག་བྱེད་སའི་རྫོང་དང་། ཤང་། གྲོང་ཚོ། དགོན་སྡེ། ཁག་བགོས་སྡེ་ཚན་བཅས་སུ་སྐྱོད་དེ་བཅའ་སྡོད་བརྟག་ཞིབ་བྱས་ནས། མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་དཀའ་གནད་ཁག་2400ལྷག་ཙམ་འཚོལ་ཞིབ་དང་གསེད་བཀྲོལ་བྱས་པ་རེད།

    སློབ་གསོའི་ཐད་གཅིག་རོགས་གཅིག་གིས་ལྕག་སྐུལ་དང་སྒོ་རྩར་ཞབས་འདེགས་ཞུས་ཏེ་ལྗོངས་ཡོངས་ཀྱི་ལོ་ཧྲིལ་པོ་7ནས་15བར་སླེབས་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་འོས་འགན་སློབ་གསོའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པ་དང་མཐོ་སློབ་ཀྱི་སློབ་ཚན་དང་ཆེད་ལས་བཀོད་སྒྲིག་སྒུལ་རྣམ་གྱིས་ལེགས་སྒྲིག་བྱས་ནས་སློབ་བསྡུའི་འཆར་གཞི་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་ཞུགས་ཀྱི་མཉམ་འགུལ་ལམ་སྲོལ་བཟོས་པ་སོགས་བྱས་པ་རེད།

    ལས་ཞུགས་ཐད་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་12འཚོགས་པ་དང་། གདན་ཞུའི་ཚོགས་འདུ་ཆེ་གྲས་ཐེངས་19དང་རྩེར་སོན་གྱི་གདན་ཞུའི་ཚོགས་འདུ་ཐེངས་185འཚོགས་པ། གཞུང་ལས་པའི་ལས་གནས་སྔོག་འདོན། གཞི་རིམ་གྱི་ཞབས་ཞུའི་ལས་གནས་ཉོ་བ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་སློབ་གྲྭ་ཆེ་མོ་བར་འཚམ་པའི་ལྗོངས་ཕྱི་ནང་གི་ལས་གནས་ཁྲི་6.2བཏོད་པ་རེད།

    སྨན་བཅོས་ཐད་སྐོར་སྐྱོད་སྨན་བཅོས་དང་རྫོང་གྲོང་གི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཚོད་ལྟ་བྱས་ཏེ་ཞིང་འབྲོག་མང་ཚོགས་ནད་གཞི་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། སྨན་བཅོས་རོགས་སྐྱོབ་མ་དངུལ་ལུགས་མཐུན་དང་ནུས་ཆེའི་ངང་སྤྱད་དེ་སྨན་བཅོས་དང་སྨན་རིན་འགྲོ་སོང་རྩིས་ཞུའི་བརྒྱུད་རིམ་གྱི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱས་པ། བུད་མེད་ཀྱི“སྐྲན་ནད་གཉིས”བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷན་སྐྱེས་སྙིང་ནད་བརྟག་དཔྱད་དང་སྨན་བཅོས་བྱས་ནས་གཞི་རིམ་གྱི་སྨན་དོན་མི་སྣ་དང་སློབ་གྲྭའི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    བསམ་པ་རྣམ་དག་གིས་དམངས་ཆེད་དོན་དངོས་བསྒྲུབས་པ།

    བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུས་པ་དང་། བསམ་པ་རྣམ་དག་གིས་དམངས་ཆེད་དོན་དངོས་བསྒྲུབས་པ། དཀའ་གནད་སེལ་བ་དང་དཀའ་ངལ་མཐའ་དག་མེད་པ་བཟོས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱིས་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་སྒྱུར་བཅོས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་མི་དམངས་མང་ཚོགས་ཚོས་ཚོར་ཐུབ་པ་བྱས་པ་རེད།

    སྤྱི་ཚོགས་འགན་སྲུང་གི་དྲ་བ་བཙུགས་ནས་མང་ཚོགས་དེ་བས་མང་བར་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ་བྱས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་ལྗོངས་ཀྱིས་སློབ་གྲྭར་སྐྱོད་མུས་ཀྱི་ལོ་ན་ཆེ་བའི་དྭ་ཕྲུག་ཚོའི་གཞི་རྩའི་འཚོ་བའི་འགན་ལེན་གྱི་ཚད་གཞི་མཐོ་རུ་ཧུར་ཐག་བཏང་བ་དང་། གནས་སྐབས་རོགས་སྐྱོབ་ཀྱི་གྲབས་གསོག་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། རྒན་གསོའི་དངུལ་ལེན་པའི་ངོ་སྤྲོད་སྤྲོད་པར་དུས་ཚོད་རིང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་བཀོད་སྒྲིག་བྱེད་དཀའ་བ་སོགས་ཀྱི་ནད་དོན་ཐག་གཅོད་བྱས་པ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མ་ཁྲི་3.23གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་གྲོང་གསེབ་ཀྱི་སྐྱེལ་འདྲེན་འཕེལ་རྒྱས་བཏང་བ། དབུལ་སྐྱོར་གྱི་སྡོང་ཕྲུག་ར་བ་དང་དཔལ་འབྱོར་ནགས་ཤིང་ཐོན་ལས་གཏོད་པར་ཤུགས་སྣོན་བརྒྱབ་པ། སྡེ་ཚན་ཁག་གིས་གནས་ཚུལ་དངོས་ཞིབ་བཤེར་དང་། གནད་དོན་འཚོལ་བ། ཐབས་བཟང་འཚོལ་ཞིབ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    ལས་བྱེད་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་དེ་བས་ཟབ་པར་བྱས་པ།

    དམངས་འཚོ་ནི་དོན་ཆུང་ཞིག་མ་ཡིན། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པ་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་དཀའ་གནད་སེམས་ལ་བཞག་པ་དང་ཕྲག་ཐོག་ཏུ་འཁུར་ཏེ་ཐབས་ཤེས་དངོས་ལ་བརྟེན་ནས་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་དང་། སྙིང་ཉེ་བར་དང་དྲོ་སྐྱིད་སྦྱིན་པའི་ལས་དོན་ལ་བརྟེན་ཏེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱས་པས་ལས་བྱེད་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་དེ་བས་ཟབ་པོ་བྱུང་བ་རེད།

    ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྤྱི་བདེའི་ལས་ཁུངས་སུ་མཐའ་མཚམས་འགྲོ་འོང་ལག་ཁྱེར་བདག་སྤྲོད་བྱ་ཡུལ་འཛུགས་པར་སྐུལ་འདེད་བརྟན་པོ་བཏང་ནས་མང་ཚོགས་མཐའ་མཚམས་འགྲོ་འོང་ལག་ཁྱེར་གཉེར་བདེ་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    ལྗོངས་ནོར་སྲིད་ཐིང་གིས་མཐའ་མཚམས་མི་སེར་ལ་ཁ་གསབ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    ལྗོངས་ཁྲིམས་འཛིན་ཐིང་གིས་རྒྱལ་ཡོངས་ནས་དང་བླངས་པ་དང་ཁྲིམས་རྩོད་པ་བསྡུས་ཏེ་རྫོང་དང་ཆུས་ཁག་ཏུ་ཁྲིམས་འཛིན་རོགས་སྐྱོབ་བྱེད་པར་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པ་ཡོངས་ཁྱབ་དང་། སྟབས་བདེ། ནུས་ཆེ་བཅས་ཀྱི་བཅའ་ཁྲིམས་ཞབས་འདེགས་ཞུས་ཡོད་པ་རེད།

    ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཁག་གི་དོས་དྲག་མྱུར་སྐྱོབ་ཀྱི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་ནས་མྱུར་སྐྱོབ་དྲ་ཚུགས་རྒྱ་ཆེར་བཏང་བ་དང་། 120བཀོད་འདོམས་མ་ལག་དང་ཆ་འཕྲིན་མ་ལག་རིམ་སྤོར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དོས་དྲག་མྱུར་སྐྱོབ་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་རེད།

    མི་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་བའི་གནད་དོན་ཚང་མ་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད། རིམ་ཁག་ཏང་ཡོན་ལས་བྱེད་པས་མང་ཚོགས་གཙོ་བོར་བྱས་ནས་བརྩེ་སེམས་ངོ་མ་མཚོན་པ་དང་བྱ་ཐབས་དངོས་སྤྱད་དེ་རང་རྟོགས་ངང་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་དང་མཉམ་དུ་ལས་ཀ་བྱས་ནས་མི་དམངས་ཆེད་ཁེ་ཕན་དོན་གཉེར་དང་མི་དམངས་ཆེད་འགན་འཁྲི་སྒྲུབ་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།