[ English ] [ 中文 ]
0891-6325020
  • མི་རིགས་མཐུན་སྒྲིལ་ནི་བྱ་བ་ཆུང་ཙག་ནས་སྒྲུབ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲེན་ཀྲི་ཆང་།    |    སྤེལ་དུས།   2019-09-13

    མི་རིགས་མཐུན་སྒྲིལ་ནི་སྙིང་སྟོབས་ཤིག་དང་། བསམ་བློ་ཞིག དོན་གཉེར་ཞིག་བཅས་ཡིན་པས་དེས་མི་སེམས་གཅིག་ཏུ་འགྲིལ་བ་དང་སྤྱི་ཚོགས་བསྡུ་སྒྲིལ་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད།

    མི་རིགས་མི་འདྲ་བར་སྐད་ཡིག་དང་། ཡུལ་གོམས་གཤིས་ལུགས། མི་རིགས་ཀྱི་རིག་གནས་བཅས་མི་འདྲ་བ་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་མི་རིགས་ཁག་གི་ཡུལ་གོམས་གཤིས་ལུགས་དང་། མི་རིགས་ཀྱི་རིག་གནས། ཆོས་དད་སོགས་ཕན་ཚུན་སློབ་སྦྱོང་དང་། མི་འདྲ་བའི་ཆར་བརྩི་བཀུར། ཕན་ཚུན་ཡིད་ཆེས་བྱེད་དགོས་པ་དང་། གནད་དོན་འཕྲད་སྐབས་ཁོང་ཁྲོ་མི་བྱེད་པར་འབྲེལ་གཏུག་མང་ཙམ་བྱེད་དགོས། མི་རིགས་མི་འདྲ་བའི་མང་ཚོགས་གྲོང་པ་ཁྱིམ་མཚེས་སུ་འགྲོགས་ནས་སྡོད་ཀྱི་ཡོད་པས་ཇ་མཉམ་འཐུང་དང་། ལྟོ་མཉམ་ཟ་བྱེད་པ། དལ་བའི་སྐབས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ། བྲེལ་བ་ཆེ་བའི་སྐབས་ཕན་ཚུན་རོགས་རམ་བྱེད་པ། ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་ཕན་ཚུན་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་དང་སྨོན་འདུན་ཞུ་བ་སོགས་ནི་ཀུན་གྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་སྒྲུབ་ཐུབ་པའི་མི་རིགས་མཐུན་སྒྲིལ་གྱི་བྱ་བ་ཙག་ཙིག་ཤ་སྟག་རེད།

    མི་རིགས་མཐུན་སྒྲིལ་ནི་མཁའ་རླུང་དང་ཉི་འོད་ཇི་བཞིན་ང་ཚོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ང་ཚོས་མི་རིགས་མཐུན་སྒྲིལ་འདི་ཉིད་རྒྱུན་གཏན་གྱི་འཚོ་བའི་ནང་ཁྱབ་པར་བྱས་ནས་གོམས་གཤིས་ཤིག་ལ་བརྩིས་ཏེ་གསོ་སྐྱོང་བྱེད་པ་དང་། དད་སེམས་ཤིག་ལ་བརྩིས་ནས་སྲུང་བ། འགན་འཁྲི་ཞིག་ལ་བརྩིས་ནས་དོན་གཉེར་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    རྒྱུན་གཏན་གྱི་འཚོ་བའི་ནང་ང་ཚོས་ད་དུང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྤེལ་བྱེད་མི་རུང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་མཐའ་དག་རང་འགུལ་ངང་བཀག་འགོག་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་མིག་གསལ་པོ་ཕྱིས་ནས་དཀར་ནག་གསལ་རྟོགས་ཐུབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་བརྩེགས་ཤིག་བསྐྲུན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།