[ English ] [ 中文 ]
0891-6325020
  • བོད་སྡོད་དཔུང་སྡེ་ཞིག་གིས་སློབ་ཁང་དུ་ཐང་འཐབ་གཡོས་སྦྱོར་བྱེད་སྟངས་སློབ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར་བོད་དམག་ཁུལ་ཁང་འགན་ལེན་པུའི་མ་བྱན་གསོ་སྦྱོང་རྟེན་གཞི་ཞིག་གིས་2019ལོའི་ཁག་དང་པོའི་དམའ་རིམ་མ་བྱན་གསོ་སྦྱོང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་། གཞི་རིམ་དཔུང་སྡེའི་གཡོས་སྦྱོར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་སྡེའི་བཟའ་བཅའི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། གསོ་སྦྱོང་རྟེན་གཞི་དེས་ཚན་པའི་ད་ཡོད་ཀྱི་སྤྱི་ཚོགས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་བྱས་པ་དང་ཆབས་ཅིག ཐང་འཐབ་གཡོས་སྦྱོར་གྱི་ཐབ་ཆས་སློབ་ཁང་ནང་བཙུགས་ནས་སློབ་མ་ཚོས་ཐང་འཐབ་གཡོས་སྦྱོར་གྱི་ཐབ་ཆས་ལ་ཤེས་རྟོགས་གསར་པ་དང་ཉམས་མྱོང་གསར་པ་ཡོང་བར་བྱས་ཡོད།

    ཐེངས་འདིར་སློབ་ཁང་ནང་ཐང་འཐབ་གཡོས་སྦྱོར་བྱེད་སྟངས་སློབ་ཁྲིད་བྱས་པ་ནི་གསོ་སྦྱོང་རྟེན་གཞི་དེས་སྔོན་ཆད་ཁང་པའི་ནང་ཐབ་བཙུགས་ཏེ་སློབ་ཁྲིད་བྱེད་པའི་སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་དང་མི་འདྲ་བའི་སློབ་ཁྲིད་ཀྱི་རྣམ་པ་གསར་རྐྱང་ཞིག་ཡིན་ཞིང་། གསོ་སྦྱོང་དེས་ཕྱི་རོལ་གཡོས་སྦྱོར་ལག་རྩལ་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གཡོས་སྦྱོར་གྱི་རིགས་པའི་གཞུང་ལུགས་དང་དོན་དངོས་ཉམས་ལེན་གཉིས་ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་པ། དངོས་འཐབ་ཅན་གྱི་དགོས་མཁོ་དང་དེ་བས་མཐུན་པ་སོགས་ཀྱི་དབང་གིས་སློབ་མ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཆེས་ཆེར་འཕེལ་ནས་ཁོང་ཚོ་དང་འཐབ་སའི་དབར་ཐག་ཇེ་ཉེར་ཕྱིན་པ་མ་ཟད། གཞི་རིམ་དཔུང་སྡེའི་ཕྱི་རོལ་གཡོས་སྦྱོར་གྱི་འགན་ལེན་ནུས་པ་མཐོ་རུ་འགྲོ་རྒྱུར་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།