[ English ] [ 中文 ]
0891-6325020
  • ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་གནད་དོན་གྱི་ཁུངས་སྣེའི་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས《ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་དང་གནད་དོན་གྱི་ཁུངས་སྣེའི་འབྲེལ་གཏུག་མཉམ་འབྲེལ་མཉམ་སྤྱོད་ཀྱི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》(གཤམ་དུ《ལམ་སྲོལ》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་ཞིང་། གནད་དོན་གྱི་ཁུངས་སྣེའི་ཡོང་ཁུངས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགན་ནུས་སྡེ་ཚན་བཅས་ཀྱི་ལས་རིགས་ལྟ་འདོམས་ཀྱི་འགན་འཁྲིར་སྔར་བས་དམ་འཛིན་ནན་པོ་བྱས་པ་རེད།

    《ལམ་སྲོལ》ནང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་གསེད་བཀྲོལ་དང་། ཐོ་འགོད། སྒྲུབ་སྐུལ། ཡིག་ཚགས་ནང་འཇུག་པ་བཅས་ཀྱི་འགན་འཁུར་ནས་གཙོ་བོ་གོང་རིམ་གྱི་ཚུར་ལན་དང་། ལྟ་སྐུལ་ཞིབ་བཤེར། སྐོར་གཟིགས་སོགས་ཚུད་པའི་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་ཁག་བགོས་ཀྱིས་སྒྲུབ་པ་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་རྒྱུར་ལྟ་སྐུལ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་གསེད་བཀྲོལ་བྱས་ནས་ལས་དོན་རྗེས་སུ་ལུས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་མེད་རིགས་ལ་བཀག་རྒྱའི་གསལ་ཐོ་འབྲི་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་འདོམས་པུའུ་ལ་ཚུར་ལན་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་གཏོང་བ་བཅས་བྱེད་དགོས། ལྷ་ས་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ལས་རིགས་གཙོ་གཉེར་སྡེ་ཚན་ལ་སྐུལ་འདེད་བཏང་ནས་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པའི་འགན་འཁུར་དགོས་པ། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱི་ཚུར་ལན་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་ཕྱོགས་སྒྲིག་དང་ལེགས་སྒྲིག་བྱས་ནས་དུས་ཐོག་ཏུ་ཆེད་དོན་བཅོས་སྒྲིག་གཞུང་ལས་ཁང་ལ་ཚུར་ལན་བྱེད་དགོས། ལས་རིགས་གཙོ་གཉེར་སྡེ་ཚན་ལ་ལྷག་པའི་གནད་དོན་དག་ཐེར་གནས་ཚུལ་ལ་མཐིལ་རྟོགས་བརྟག་ཞིབ་དང་རྗེས་སྙེགས་འདྲི་གཅོད་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲིའི་ཁྱབ་ཁོངས་ཀྱི་ལྟ་འདོམས་ལས་དོན་ལ་འགན་འཁུར་ནས་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་ཐུབ་པར་བྱེད་པ་དང་འབྲེལ། གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ལ་དུས་ཐོག་ཏུ་གནད་དོན་དང་གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱེད་དགོས་པ་བཅས་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།