[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་མེ་བྱ་ལོའི་ལོ་གསར་ཆེད་སྒྲིག>འགོ་བརྗོད་པར་རིས།
  • གངས་ལྗོངས་ས་མཐོར་བྱ་ཕོའི་སྐད་གསང་སྒྲོག གླུ་ལེན་གར་འཁྲབ་བོད་ཀྱི་ལོ་གསར་གཏོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-03

    371437_yis_1488430982655_s.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་2017ལོའི“ང་ཚོའི་དུས་ཆེན། བོད་ཀྱི་ལོ་གསར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གླུ་གར་འཁྲབ་སྟོན་ཞིག་བྱས་ཤིང་། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    371390_yis_1488427931798_s.jpg

    ལོ་གསར་རིང་རང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་རྣམས་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་བ་དང་། ཕྱེ་མར་རྒྱུག་པ། དར་ལྕོག་འཛུགས་པ། སྒོར་གཞས་འཁྲབ་པ་བཅས་བྱས་ཏེ་གྲོང་ཁྱེར་ནས་ཞིང་འབྲོག་ཁུལ་བར་ཚང་མར་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོ་ཚོས་མཉམ་དུ་ཤ་མོག་བཟོ་བའི་གནས་ཚུལ་ཡིན་པ།

    371389_yis_1488427930737_s.jpg

     བོད་མེ་བྱ་ལོའི་ལོ་གསར་ཚེས་གཅིག་ཉིན་བོད་ཀྱི་ས་གནས་ཁག་ཏུ་དུས་ཆེན་གཏོང་བའི་རྣམ་པས་ཁེངས་ཤིང་། འདི་ནི་སྡེ་ཁུལ་གྱི་གྲོང་མིས་ཆང་གཞས་བཏང་ནས་མཆོད་ཆང་བཀྱག་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།