[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་བཅུ་དགུ་པ།>འབད་འབུངས་ཡར་བརྩོན།
  • གངས་ལྗོངས་ས་མཐོར་ཏང་དར་ལྷབ་ལྷུབ་གཡོ།

    བོད་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-24

    445162_yis_1508695924244.jpg

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ས་བབ་སྨི་4500ཡི་གསེར་ཁང་གྲོང་ཚོར་དེ་གའི་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་མི་དང་མཉམ་དུ་ཐོག་ཁར་རྒྱལ་དར་བཙུགས་ནས་མང་ཚོགས་ལ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་སློབ་སྦྱོང་རྣམ་པ་དང་། ཞབས་ཞུ་རྣམ་པ། གསར་གཏོད་རྣམ་པ། སྣེ་ཁྲིད་རྣམ་པ། འཐབ་འཛིང་རྣམ་པ་བཅས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཏང་གི་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཡག་པོ་ཡོང་བར་སྐུལ་འདེད་བཏང་བ། ཏང་གི་སྲིད་སྐྱོང་རྨང་གཞི་ཟབ་ཏུ་བཏང་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་། ལྷག་དོན་དུ་ཉེ་བའི་ལོ་གསུམ་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་དེ་བས་བདེ་སྐྱིད་ལྡན་པའི་ལམ་དུ་སྐྱོད་སྐབས་ནམ་ཡང་དར་ཆ་ཞིག་གིས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་འཕེལ་བར་བྱེད་ཅིང་། དེ་ནི་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་རེད།

    བརྩེ་སེམས་གངས་ལྗོངས་ས་མཐོར་བཅངས། བརྩེ་སེམས་ས་མཐོའི་ས་ཕྱོགས་གང་སར་ཁྱབ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཐུབ་ནས་བདག་པོར་གྱུར་པ་དང་། རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བསྐྱོད་པ། རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་མི་དམངས་བདེ་སྐྱིད་ཁམས་བདེའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།

    — རྩོམ་སྒྲིག་པས།

    རིཌ་པའི་གཞུང་ལུཌ་སློབ་སྦྱོང་ལ་ཤུཌ་སྣོན་ནུས་ལྡན་བརྒྱབ་པ།

    2016ལོར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱས་ནས་སློབ་སྦྱོང་ཏང་འཛུགས་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་པར་བརྟེན་ནས། སློབ་སྦྱོང་གི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར་འགན་ལེན་དང་། བྱེད་ཐབས་སྣ་ཚོགས་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། སྨྱན་སྦྱོར་གསར་པར་བརྟེན་པ་དང་། བྱེད་སྒོའི་ལས་སྟེགས་སྐྲུན་པ། སློབ་སྦྱོང་ལ་ཞུགས་ཚད་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་བུ་བཅོལ་ཁང་དང་པོའི་དམངས་ཕན་ཉེན་རྟོགས་ཞབས་ཞུའི་ས་ཚིགས་ཀྱིས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གོང་རིམ་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དུས་ཐོག་ཏུ་སློབ་སྦྱོང་བྱས་པ། ཀྲི་པུའུ་ཏང་ཡོན་གྱི་དམིགས་ཚད་ཁ་གསལ་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། གོང་རིམ་གྱི་མཛུབ་ཁྲིད་ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་རང་འགུལ་རང་བཞིན་ཆེ་རུ་བཏང་བ་རེད། དེ་དང་དུས་མཚུངས། ཏང་ཀྲི་པུའི་བྱེད་སྒོའི་ཉིན་མོ་དང་ཏང་ཡོན་གྱི་སློབ་སྦྱོང་ཉིན་མོར་ཏང་ཡོན་ཡོངས་རྫོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་གསུང་བཤད་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་གསུང་བཤད་ཀྱི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་པ་དང་བློ་གྲོས་དང་སྟོབས་ཤུགས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་གོང་རིམ་གྱི་བླང་བྱ་གསར་ཤོས་དོན་འཁྱོལ་བྱེད་པར་གཅིག་སྡུད་ཡོང་བར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།