[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་བཅུ་དགུ་པ།>འབད་འབུངས་ཡར་བརྩོན།
  • ཏང་དར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-24

    ཚོགས་ཆེན་བཅུ་དགུ་པ་འཚོགས་པས་རྒྱལ་ཡོངས་ཀུན་ཏུ་དགའ་སྤྲོ་རབ་ཏུ་འཕེལ། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཐབས་ལམ་སྣ་ཚོགས་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་ཤིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་ཉམས་མེད་གོང་འཕེལ་ཐུབ་ངེས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་ངེས་པར་དུ་རྒྱལ་ཁ་ཐོབ་ངེས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནམ་ཡང་གསོན་ཤུགས་རྒྱས་ངེས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་མངོན་འགྱུར་ཐུབ་ངེས་བཅས་ཀྱི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།

    2009ལོའི་གོང་དུ་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་ནི་སྟག་མ་ལའི་རི་སྐེད་དུ་གནས་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། “ནམ་རྒྱུན་གང་སར་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་པ་འབབ་སྐབས་གར་སར་འདམ་རྫབ་ཀྱིས་ཁེངས་པ། ཕྱུགས་ཟོག་གང་བྱུང་དུ་གློད་པ། གད་སྙིགས་གང་བྱུང་དུ་གཤོ་བ། གྲོང་ཚོའི་ནང་འགྲོ་སྐྱོད་དཀའ་བ་བཅས”ནི་གནས་སྤོས་གོང་གི་ཁ་རུབ་གྲོང་ཚོའི་གནས་ཚུལ་དངོས་རེད།

    ལོ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་མདའ་རོ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད། ད་ཕན་ལོ་ཤས་རིང་གི་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས“མདའ་རོ་གྲོང་ཚོར་འཕེལ་རྒྱས་འདི་འདྲ་བྱུང་བ་ནི་ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་དང་འགྱུར་མེད་སྟོབས་ལྡན་གྱི་ཀྲི་པུའི་ཚན་ཁག་ལས་བྱུང་བ་ཞིག་རེད”ཅེས་བརྗོད་བྱུང་།

    མང་ཚོགས་ཕྱུག་པོ་ཆགས་ཐུབ་མེད་ཀྱི་འགག་རྩ་དེ་ཀྲི་པུའུ་ལ་རག་ལུས་ཡོད། མདའ་རོ་གྲོང་ཚོས“འགོ་ཁྲིད་ཡག་པོ་ཞིག་འདེམས་པ་དང་། སྟོབས་དང་ལྡན་པའི་ཚན་ཁག་གཅིག་བཀོད་སྒྲིག གྲོང་ཚོ་གཅིག་དར་རྒྱས”བཅས་ཀྱི་འདུ་ཤེས་གཞིར་བཟུང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལེགས་འདེམས་བཀོད་སྒྲིག་དང་། བྱེད་ཐབས་གསར་གཏོད། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་པར་བརྟེན་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་རྗེས། སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྱི་ལས་བྱེད་པ་ཅིན་ཆུང་གིས“ཐོག་མའི་བསམ་འདུན་མ་བརྗེད་པ་དང་འོས་འགན་བློ་ལ་བརྟན་པོར་ངེས་ཀྱི་ཡིན། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་ཏན། འབད་འཐབ་ལྷོད་མེད་ཀྱིས་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།