•     སྤྲེལ་ལོར་སྤྲེའུ་ཡི་སྐོར་བཤད་པ། སྤྲེའུ་ནི་ལོ་སྐོར་བཅུ་གཉིས་ཀྱི་ཁྲོད་ནས་དམིགས་བསལ་ཆེ་བའི་སྲོག་ཆགས་ཤིག་ཡིན་པ་ནི་སྤྲེའུ་ཡི་ཁྱད་ཆོས་མང་པོ་ཞིག་འགྲོ་བ་མི་དང་ཧ་ཅང་འདྲ་བ་མ་ཟད། གོ་སྟོབས་ཀྱང་ཆེན་པོ་ཡོད་པས་ཚན་རིག་པས་འགྲོ་བ་མི་ཡི་གཉེན་ཉེ་ཞེས་འབོད་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་ཐོག་བོད་མིའི་འབྱུང་ཁུངས་འདྲེན་སྐབས། བོད་མིའི་འགྲོ་བ་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་པར་གྲགས་ཤིང་། དེ་ཡང་དང་པོ་བོད་ཁམས་ནི་ཆུ་ཀློང་ཆེན་པོ་ཞིག་ཡིན་པ་དང་ཕྱིས་ཆུ་རྣམས་རིམ་བཞིན་བྲི་བ་དང་ས་འཛིན་དག་ཇེ་མཐོར་ཕྱིན་ནས་བོད་ཁམས་ཀྱི་ས་གཞི་གྲུབ་པ་རེད། ཤོད་སྲོལ་ལ་དུས་ནམ་ཞིག་ཙ་ན་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་ལྟར་རྩེད་ཐང་གོང་པོ་རིར་སྒྲུབ་ལ་བརྩོན་སྐབས་བྲག་སྲིན་མོ་ཞིག་དང་འབྲེལ་བ་ལས་རིམ་བཞིན་འགྲོ་བ་རིགས་དྲུག་ལས་འཕོས་པའི་གཤིས་ཀ་དང་སྤྱོད་པ་མི་མཚུངས་པའི་སྤྲེལ་ཕྲུག་དྲུག་སྐྱེས་པ་ལས་རིམ་བཞིན་ཇེ་མང་དུ་སོང་སྟེ་རྒྱུད་པ་མང་པོ་འཕེལ་ཏེ་ཉེ་འཁོར་གྱི་ཟས་རྣམས་བཟས་ཟིན་པས་བཀྲེས་ལྟོགས་ཀྱིས་མནར་སྐབས་ཕ་སྤྲེལ་རྒན་གྱིས་འཕགས་པས་གནང་བའི་འབྲུ་སྣ་ལྔ་ཡི་ས་བོན་ཡར་ཀླུང་བཟོ་ཐང་དུ་བཤོས་ནས་སྨིན་པའི་ལོ་ཏོག་རྣམས་སྤྲེའུ་རྣམས་ཀྱིས་ལོངས་སྤྱོད་བྱས་པས་རིམ་བཞིན་བོད་མིའི་འགྲོ་བ་བྱུང་བར་བཤད་ཡོད། ཤོད་ཚུལ་དེ་ནི་་་་་་་་་་་་་་་