[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>༢༠༡༦ལོའི་ལྷ་སའི་ཞོ་སྟོན།
  • སྐྱིད་པའི་ཞོ་སྟོན་རེ་ཞིག་རྫོགས་ན་ཡང་། དགའ་བའི་འཚོ་བར་ནམ་ཡང་ཉམས་པ་མེད།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-16

    ཞོ་སྟོན་ནི་བོད་ཀྱི་སྲོལ་རྒྱུན་ཡུལ་སྲོལ་དུས་ཆེན་ཡིན་ཞིང་། ལོ་ངོ་བརྒྱ་ཕྲག་དུ་མ་བརྒྱུད་རུང་། སྔར་བཞིན་ཉམས་མེད་ཀྱི་གསོན་ཤུགས་མངོན་བཞིན་ཡོད་ལ། གོས་སྐུ་འགྲེམ་པ་དང་། ལྷ་མོ་འཁྲབ་པ། གླིང་ག་གཏོང་བ། ཞོ་ཞིམ་ལོངས་སུ་སྤྱོད་པ་བཅས་ལས་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་འཚོ་བ་སྐྱེལ་སྟངས་དང་རིག་གནས་ཀྱི་བསྟན་དོན་མཚོན་བཞིན་ཡོད། དེས་ན། ཞོ་སྟོན་ནི་འཛམ་གླིང་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་ཡུལ་དུ་གྱུར་ཡོད།

    དེང་གི་ཆར། ཞོ་སྟོན་རིང་ཞོ་ཞིམ་ལོངས་སུ་སྤྱོད་པ་དང་། གོས་སྐུ་འགྲེམ་པ། ལྷ་མོ་འཁྲབ་པ་ཙམ་མ་ཟད། གངས་ལྗོངས་ས་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་དུས་སྟོན་དུ་གྱུར་ཡོད་དེ། རིག་གནས་དང་། ཡུལ་སྐོར། ཚོང་དོན་བཅས་ཞོ་སྟོན་དང་བསྟུན་ནས་སྔར་ལས་དར་ཞིང་རྒྱས་བཞིན་ཡོད་ལ། ཞོ་སྟོན་ལ་ཁྱད་ཆོས་གསར་པ་དང་། གསོན་ཤུགས་གསར་པ། ནང་དོན་གསར་པ་བཅས་སྣོན་བཞིན་ཡོད། དེས་ན། ཞོ་སྟོན་རིང་། སྲོལ་རྒྱུན་གྱི་བྱེད་སྒོ་དག་སྤེལ་བ་ཕུད། ད་དུང་ཚོང་འགུགས་འདུ་ཚོགས་དང་བརྙན་པར་འགྲེམས་ཚོགས་སོགས་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་པས། དུས་བསྟུན་འཕེལ་རྒྱས་དང་དཀྱེལ་ཡངས་སྒོ་འབྱེད་ལས། དེང་གི་ཞོ་སྟོན་སྔར་བས་ཡིད་དབང་འཕྲོག་པར་གྱུར་ནས། རྒྱལ་ཡོངས་དང་ཐ་ན་འཛམ་བུ་གླིང་ལ་གྲགས་པའི་བ་དན་གཡོ་བཞིན་ཡོད། དེར་བརྟེན་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་མི་བཀྲ་ཤིས་ནོར་བུས“ཞོ་སྟོན་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བཞིན་འདུག་ལ། ང་ཚོའི་ལྷ་ས་སྔར་བས་ལྟ་ན་སྡུག་པ་ལ་ང་ཚོའི་འཚོ་བ་སྔར་བས་སྐྱིད་དུ་འགྲོ་བཞིན་འདུག”ཅེས་བརྗོད་བཞིན་འདུག

    ཞོ་སྟོན་ཉིན་བདུན་མིག་ཡུད་ཙམ་ཞིག་ལ་རྫོགས་ཟིན། ཡིན་ནའང་ལྷ་ས་བའི་བདེ་སྐྱིད་འཚོ་བར་ནམ་ཡང་ཉམས་པ་མེད་དོ།

    321348_yis_1473823772164_s.jpg

    ཟླ་9ཚེས་1ཉིན་འབྲས་སྤུངས་དགོན་དུ་སྟོན་པ་གཙོ་འཁོར་གྱི་གོས་སྐུ་འགྲེམ་པ།

    321354_yis_1473823777093_s.jpg

    ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཐང་ཆེན་དུ་བོད་རིགས་ཀྱི་གོས་དཔེ་སྤྱན་བསྟར་ཞུ་བཞིན་པ།

    321355_yis_1473823777701_s.jpg

    ལྷ་མོའི་འདོན་སྐྱོར་མཁན(གཞས་སྣེ་ཁྲིད་མཁན)ཡིན་པ།

    321346_yis_1473823770838_s.jpg

    ཞོ་སྟོན་རིང་གི་མིག་མངས་ཁྱབ་གདལ་དང་བཅས་པའི་འགྲན་བསྡུར་དེ་ཀྲུའུ་ཙི་ཀུའེ་སློབ་གསོ(དར་དམར་ནུབ་ལམ་པའོ་ཧྥ་ཀུང་སིའི་ཁ་སྤྲོད་དུ་ཡིན་པ)དང་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་རང་བཞིན་གྱི་ལག་ལེན་རྟེན་གཞི(སློབ་གསོའི་གྲོང)རུ་གཉེར་ཞིང་། འདི་ནི་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་ཚོས་མིག་མངས་རྩེ་བཞིན་པ།

    321349_yis_1473823773022_s.jpg

    ནོར་བུ་གླིང་ཁར་ལྷ་མོ་ལྟ་བ་དང་གླིང་ཁ་གཏོང་བར་འགྲོ་མཁན་གྱི་གྲོང་མི་དང་ཡུལ་སྐོར་བ་ཡིན་པ།

    321356_yis_1473823778762_s.jpg

    2016ལོའི་ལྷ་སའི་ཞོ་སྟོན་གྱི་བྱེད་སྒོའི་གྲས་ཤིག་ཡིན་པའི་སྤྲོ་སྣང་ལྡན་པའི་ཞོ་སྟོན་ཏེ། “ཞོ་དང་། ཟས་ཞིམ། རོལ་དབྱངས”གཟའ་འཁོར་བྱེད་སྒོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་འགོ་ཚུགས་ཤིང་། འདི་ནི་འགོ་འཛུགས་མཛད་སྒོ་འཚོག་པའི་ཉིན་མོར་ལས་དོན་མི་སྣས་ཁོར་ཡུག་འཕྲོད་བསྟེན་མི་སྣར་ཞོ་སྤྲོད་པའི་གནས་ཚུལ་ཡིན་པ།

    321351_yis_1473823775377_s.jpg

    ཟླ་9ཚེས་3ཉིན་ཞོ་སྟོན་གྱི་བྱེད་སྒོའི་གྲས་ཤིག་ཡིན་པའི་ཞོ་འཐུང་བའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    321350_yis_1473823774207_s.jpg

    ཟླ་9ཚེས་3ཉིན་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་ལྷ་མོ་རུ་ཁག་གིས་ནོར་བུ་གླིང་ཁར《འགྲོ་བ་བཟང་མོ》འཁྲབ་བཞིན་པ།

    321347_yis_1473823771586_s.jpg

    ཟླ་9ཚེས་1ཉིན་ནས་ཟླ་9ཚེས་7ཉིན་བར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“ལྷ་མོའི་འགྲན་བསྡུར་སྐབས་བཞི་པ”དང“ལྷ་མོའི་འགྲེམས་འཁྲབ་སྐབས་ལྔ་པ”བྱས་ཤིང་། འདི་ནི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་ལྷ་མོ་རུ་ཁག་གིས་རྫོང་རྒྱབ་ཀླུ་ཁང་དུ《སྣང་ས་འོད་འབུམ》འཁྲབ་བཞིན་པ།

    321353_yis_1473823775907_s.jpg

    ཟླ་9ཚེས་2ཉིན་ནོར་བུ་གླིང་ཁར་ལྷ་མོ་ལྟ་མཁན་མང་ཚོགས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།