[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>༢༠༡༦ལོའི་ལྷ་སའི་ཞོ་སྟོན།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ།

    ​ G20དབུ་ཚོགས་དང་། ཞོ་སྟོན། བོད་ལྗོངས་འགྲེམས་ཚོགས་བཅས་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

    ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།     |    རྩོམ་པ་པོ།      |    སྤེལ་དུས།   2016-09-05

    ཟླ་9ཚེས་2ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་དང་ཟླ་8ཚེས་28ཉིན་གྱི་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་དང་ཟླ་8ཚེས་31ཉིན་གྱི་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ལས་དོན་སྙན་སྒྲོན་གསན་ནས་G20དབུ་ཚོགས་དང་། ལྷ་སའི་ཞོ་སྟོན། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་བཅས་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཐད་བསྐྱར་དུ་ཞིབ་འཇུག་དང་། བཀོད་སྒྲིག ནན་བཤད་བཅས་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཏེང་ཞའོ་ཀང་གིས་བསྟན་གནང་དོན། ཏང་ཀྲུང་དབྱང་གིས་G20དབུ་ཚོགས་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་པའི་ཐད་བླང་བྱ་བཏོན་གནང་བ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། G20དབུ་ཚོགས་དང་། ཞོ་སྟོན། བོད་ལྗོངས་འགྲེམས་ཚོགས་བཅས་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ངེས་པར་དུ་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ཆབ་སྲིད་ཀྱི་ཚོར་རྣོའི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་རྒྱུན་མཐུད་ངང་དོན་འཁྱོལ་གཏིང་ཟབ་བྱེད་པ། ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་ལས་སྒྲུབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ། བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། གནད་དོན་ཞིབ་ཕྲར་དམ་འཛིན། ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    ཏེང་ཞའོ་ཀང་གིས་བླང་བྱ་བཏོན་གནང་དོན། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྔ་ཕྱི་བར་གསུམ་དུ་རིག་པ་དྭངས་གསལ་དང་ཚད་མཐོའི་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕྲད་པའི་ཉེན་ཁ་དང་འགྲན་སློང་ངོས་འཛིན་གང་ལེགས་བྱེད་པ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང་བདེ་འཇགས་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། ནུས་ཤུགས་ཡོད་རྒུ་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། རང་འགུལ་རང་བཞིན། མ་འོངས་སྔོན་མཐོང་གི་རང་བཞིན་བཅས་མཐོ་རུ་ཏན་ཏིག་བཏང་ནས་G20དབུ་ཚོགས་དང་། ཞོ་སྟོན། བོད་ལྗོངས་འགྲེམས་ཚོགས་བཅས་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ངང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་མུ་མཐུད་གཏིང་ཟབ་དང་། ཞིབ་ཚགས། ཤུགས་ཆེར་གཏོང་བ་དང་། སྤྱི་ཚོགས་དང་ལྷག་པར་དུ་གནས་གལ་ཆེན་དང་མི་སྣ་འདུ་ཆེ་བའི་ས་ཆའི་ཕྱོགས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དང་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག་གཙོ་གནད་དངོས་རྫས་དོ་དམ་ཡག་པོ་བྱས་ཏེ་ཁུག་གསང་སྟོང་གསུམ་མི་ལུས་པའི་འགན་ལེན་བྱེད་པ། ལག་ཁྱེར་ལ་བརྟེན་ནས་མིར་དོ་དམ་བྱ་རྒྱུ་དང“མི་དང་། རླངས་འཁོར། དངོས་ཟོག དོགས་ཡོད་བཅས”ཞིབ་བཤེར་བྱེད་དགོས་ངེས་བཞི་མཐའ་འཁྱོངས་བྱེད་པ་དང་ཞིབ་བཤེར་ས་ཚིགས་ཁག་གི་འབྱུང་རྩ་སྔོན་འགོག་དང་ཞིབ་བཤེར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་མི་སྣའི་དོ་དམ་ཚོད་འཛིན་འགན་འཁྲི་དང་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ཏེ་དོ་དམ་བྱེད་དགོས་རིགས་ཚང་མ་དོ་དམ་བྱེད་པ། ཉེན་ཁ་དང་འགལ་ཟླ་གྲལ་བཤེར་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་འབྱུང་རྩ་ནས་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་བྱེད་ཡུལ་དེ་རང་དུ་ཐག་གཅོད་བྱེད་པ་དང་ཐོན་མ་ཐག་ཐག་གཅོད་ཐུབ་པ་བྱེད་དགོས་པ། གསུམ་ནས་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་ཐམས་ཅད་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་སྤེལ་ཐབས་སྤེལ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ཐོག་གཞི་རིམ་ཏང་སྲིད་རྩ་འཛུགས་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་དོ་དམ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེ་དོ་དམ་ཨུ་ལྷན། “གཉིས་ལྡན་དུད་སྦྲེལ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་མཉམ་འགོག་མཉམ་སྡོམ་ལས་དོན་ཁྲོད་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པ་བཅས་རེད།

    ཏེང་ཞའོ་ཀང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་པ་དང་། ལས་གནས་བརྟན་སྲུང་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་ཆ་རྐྱེན་འཛོམས་པ་དང་། བཀོད་འདོམས་ནུས་ཆེ། ཆ་འཕྲིན་ཤར་གཏོང་། ཚོར་སྣང་སྐྱེན་པོ་བཅས་ཡོང་བ་བྱེད་དགོས། འཕྲལ་རྒོལ་ཞིབ་བཤེར་དང་མངོན་ཞིབ་ལྐོག་འདྲི་བྱ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འགོ་ཁྲིད་ཀྱིས་སྣང་ཆེན་མི་བྱེད་པ་དང་། ལས་དོན་སྒྲུབ་ཤུགས་མི་འདང་བ། བྱ་ཐབས་དོན་འཁྱོལ་མ་བྱས་པའམ་ཡང་ན་གནད་དོན་ཐོན་པའི་རིགས་ལ“མི་བལྟོས་པ་གསུམ”གྱི་རྩ་དོན་གཞིར་བཟུང་ཚང་མར་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།